R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 344
[A:344]པར་རང་གཞན་ཐམས་ཅད་ཀྱིས་གོ་སླ་བར་བྱས་ནས་དད་ལྡན་བསྟན་པའི་eds: ༼ལོ་༽ རྒྱུས་འདོད་པ་རྣམས་མོས་གུས་དང༌། སྤྲོ་བ་སྐྱེ་བའི་ཕྱིར་དུ་ལེགས་པར་བཀོད་པ་འདི་བདེན་པར་ཤེས་པ་མཛོད་ཅིག གཞན་ཡང་དུས་ཕྱིས་ཀྱི་གང་ཟག་འདི་དག་ལ་དོན་གཉེར་བྱེད་པ་རྣམས་ཀྱིས་ཡིན་མིན་གྱི་ཆ་མཚོན་ཐེ་ཚོམ་དུ་གྱུར་ན། སྔར་གྱི་ཡི་གེ་རྙིང་པ་རྣམས་ལ་ཞིབ་མོར་གཟིགས་ལ་འཇུག་ཏུ་རུང་ངོ༌། །མི་ཤེས་པ་རྣམས་ཀྱིས་eds: ༼མ་༽འཆོས་ཤིག འདི་ནི་གངས་ཅན་བསྟན་པའི་དར་ཚུལ་ཏེ། །བསྟན་པ་རྒྱས་མཛད་ཆོས་རྒྱལ་མེས་དབོན་གྱིས། །སྟོན་པའི་བསྟན་པ་ཕྱོགས་བཅུར་སྤེལ་བ་འདིས། །བསྟན་པ་དར་རྒྱས་ཡུན་དུ་གནས་པར་ཤོག །ཚོགས་གཉིས་ལྷུན་པོའི་ཁྱོན་ལྟར་མངོན་མཐོ་ཞིང༌། ཁྲིམས་གཉིས་ཆོས་བཞིན་སྐྱོང་བའི་དགོངས་པ་ཅན། །བསྟན་པའི་སྦྱིན་བདག་ས་སྐྱོང་རྗེ་རྣམས་ཀྱི། །ཆབ་སྲིད་ཕན་བདེའི་དཔལ་ལ་སྤྱོད་པར་མཛོད། །ཆོས་རྒྱལ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་འདི། །ལྷ་བཙུན་རིན་ཆེན་དཔལ་གྱིས་བསྐུལ་བའི་ངོར། །རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན་གྱིས། །འགལ་འཁྲུལ་སྤངས་ཏེ་ལེགས་པར་བསྒྲིགས་པ་ཡིན།། འདི་ཡི་དགེ་བས་སྤྲིན་མེད་ནམ་མཁའ་ལ། །ཐུབ་བསྟན་རྒྱས་པའི་རྟ་བདུན་འོད་སྟོང་གིས། །གསུང་རབ་ཕན་བདེའི་པད་ཚལ་ཁ་ཕྱེས་ནས། །དད་ལྡན་བུང་བའི་དགའ་སྟོན་རྒྱས་པར་མཛོད། །བོད་ཡུལ་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཞབས་ཀྱིས་མ་བཅགས་ཀྱང་གསུང་གི་འོད་ཟེར་གྱིས་ཁྱབ་པར་མཛད་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས། གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་ཐར་པ་བྱང་