R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • ཤོག་ལྷེ། (མ་དཔེ། A): 7a
[A:7a]འཇུག་ཆེ་ཕྲ་ཐམས་ཅད་ལ།། ཕ་བླ་མ་ཁྱོད་ལས་སྐྱབས་གཞན་མེད།། རྗེ་ཁྱེད་ཀྱི་རྣམ་ཐར་རྒྱ་མཚོ་དང༌།། དབྱིངས་གཅིག་ཏུ་འདྲེས་པར་བྱིན་གྱིས་བརློབས།། མགོན་ཁྱེད་ཀྱི་བསྟན་པ་རིན་ཆེན་སྒྲོན།། དཔལ་རྡོ་རྗེ་གདན་པོར་རབ་འབར་ནས།། ཕྱོགས་མཐའ་མེད་གསལ་བའི་མདངས་འོད་ཀྱིས།། བདུད་ནག་ཕྱོགས་མུན་པ་མཐར་ཕྱུང་སྟེ།། རྗེ་ཁྱེད་ཀྱི་བཞེད་དགོངས་འགྲུབ་པ་དང༌།། ཁོང་བསྟན་པའི་སྦྱིན་བདག་ཆོས་ཀྱི་རྒྱལ།། དཔལ་ལྷ་དབང་ཀུན་དགའ་ཁུ་དབོན་གྱི།། ཐུགས་བཞེད་དོན་འཕྲལ་ཡུན་ཕུན་སུམ་ཚོགས།། དོན་མ་ཚང་མེད་པར་བྱིན་གྱིས་བརློབས།། Gong dkar Chos sde Community རྗེ་ཁྱེད་ཀྱི་བསྟན་འཛིན་དགེ་འདུན་ཚོགས།། བརྒྱན་བསླབ་པ་གསུམ་གྱི་རབ་མཛེས་ཤིང༌།། ནོར་ལུང་རྟོགས་ཆོས་ཀྱི་ཐུགས་རྒྱུད་བལྟམས།། འཕྲལ་ཐོས་བསམ་བསྒོམ་པས་དུས་འདའ་ཞིང༌།། ཆོས་འཆད་རྩོད་རྩོམ་པ་ལ་སོགས་པ།། ཁོང་མཁས་པའི་བྱ་བ་མཐར་ཕྱིན་ཏེ།། ཐུགས་གཅིག་ཏུ་མཐུན་པར་བྱིན་གྱིས་བརློབས།། ཕ་ཁྱེད་ཀྱི་ཚད་མེད་ཐུགས་རྗེ་ཡི།། གཞི་འཁོར་འདས་ཆོས་ལ་མ་ཁྱབ་མེད།། དོན་བདེན་པ་དེ་ཡི་བྱིན་སྟོབས་ཀྱིས།། མ་ནམ་མཁའ་མཉམ་པའི་སེམས་ཅན་རྣམས།། དཔལ་རྡོ་རྗེ་འཆང་གི་གོ་འཕང་མཆོག། དུས་མྱུར་དུ་འགྲུབ་པར་བྱིན་གྱིས་བརློབས།།
Colophon ཕ་བླ་མའི་རྣམ་ཐར་ཕྱོགས་མཚོན་ཙམ།། རྐྱེན་དད་པའི་གསལ་འདེབས་རིན་ཆེན་འཕྲེང༌།། རྗེ་དེ་ཡི་ཞལ་སློབ་ཐ་ཆུང་པ།། དཔལ་རྣམ་མགོན་དྲི་མེད་སྡེ་ཞེས་བྱ
།།
བྱང་འབྲི་ཁུང་བྱང་ཆུབ་གླིང་གི་གནས།། ཡིད་རྩེ་གཅིག་