R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • ཤོག་ལྷེ། (མ་དཔེ། A): 7b
[A:7b]གུས་པར་དྲན་གྱུར་ནས།། ལག་ཐལ་མོ་སྙིང་ཁར་དངོས་སུ་སྦྱར།། ངག་གང་ཐོན་ཅ་ཅོ་སྨྲས་པ་ལ།། ཕ་བླ་མ་འཁོར་བཅས་བརྩེ་བས་དགོངས།། དཔལ་ཚོགས་གཉིས་འགྲུབ་པའི་བཀྲ་ཤིས་ཤོག ཅེས་ཆོས་ཀྱི་རྗེ་ཐུ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་ཕྱོགས་མཚོན་ཙམ་འདི་ཉིདཕ་བླ་མ་མཆོག་གི་ཞལ་སྔ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གི་བཀའ་དྲིན་ཐོབ་པའི་རྡོ་རྗེའི་སློབ་བུ་ཐ་ཆུང༌། རྗེ་དེ་ཉིད་ཀྱི་ཆོ་འབྲང་གི་དབོན་རིགས་སུ་གཏོགས་པའི་འབྲི་ཁུང་མཁན་པོ་རྣམ་རྒྱལ་མགོན་དྲི་མེད་
སྡེ
་ཞེས་བྱ་བས་འབྲི་སེ་བ་བྱང་ཆུབ་ཀྱི་གནས་ཀྱི་དབེན་ཁང་གླིང་ཁ་ཞེས་བྱ་བར་ གནམ་ལོ་བྱ་ཤར་མ་ཐག་པའི་ཆོ་འཕྲུལ་ཆེན་པོ། རྟའི་ཟླ་བ་མངོན་པར་ངོམ་པའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ཀྱི་ལང་ཚོ་གསར་དུ་རྒྱས་པ་ལ་ཀྱུས་གཅིག་ཏུ་སྦྱར་བ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་རྒྱས་པར་གྱུར་ཅིག།