R1100: དཔལ་དུས་ཀྱི་འཁོར་ལོའི་རྩོད་ལན་གདུང་སེལ་ཀུ་མུ་དའི་དགའ་སྟོན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༨བ
[A:༡༨བ]Colophon, ff. 18b5-19a7 [...]Author Colophon, f. 18b5-7 ཞེས་བྱ་བ་འདི་ཡང་ མེ་མོ་ཕག་གི་ལོ་སྣྲོན་གྱི་ཟླ་བའི་ཚེས་བརྒྱད་ལ་བཀྲ་ཤིས་དགོན་པའི་དབེན་གནས་སུ་ཆོས་སྨྲ་བའི་བཙུན་པ་གཞོན་ནུ་དཔལ་གྱིས་གྲུབ་པར་བགྱིས་པའོ༎ ༎འདིའི་ཡི་གེ་པ་ནི་སྨོན་ལམ་གྲགས་གྱིས་བགྱིས་སོ།། །ཀླུ་སྒྲུབ་སྲས་མཆོག་ཤཱཀྱ་བཤེས་གཉེན་གྱིས། །རིམ་ལྔའི་དོན་བསྡུས་བླ་མེད་དགོངས་པ་རུ། །མཆོག་གི་དང་པོའི་རྒྱུད་ཆེན་ཁུངས་སུ་མཛད། བིརཱུ་པ་ཡིས་གཤེད་དམར་འཁྲུལ་འཁོར་ཡང། དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་ཞེས་གསུངས། །རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ། །དུས་ཀྱི་འཁོར་ལོའི་རྒྱུད་ལུང་མང་དུ་དྲངས། །ལེགས་པར་གཟིགས་སམ་བློ་གྲོས་ཡངས་བཀྱེ། །ཞེས་ཀྱང་གཡར་ཁྲལ་དུ་འཚལ་ལོ༎