R1110: རྡོ་རྗེ་ཕུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྟོགས་པར་སླ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༥ན
[A:༢༥ན]༄༅། ། འདིས་སྒྲུབ་པ་པོ་རྣམས་གྱི་བར་ཆད་ཞི་ཞིང་། བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་པར་གྱུར་ཅིག ། Printing Colophon, f. 25a1-7 །ཨོཾསྭ་སྟི། རབ་ཡངས་ལྷ་ཡི་ལམ་ལ་འོད་སྟོང་དང་། །འཛིན་མར་དལ་འགྲོ་སྤྲིན་ལ་འབྲུག་གི་དབྱངས། །ཕྱོགས་འདིར་ཆོས་ཀྱི་འདུ་བ་རྒྱུན་ཆགས་པ། །རྣམ་པ་ཀུན་ཏུ་རང་རང་དངོས་པོའི་གཤིས། །དེ་ཕྱིར་རབ་མཐོ་རྡོ་རྗེའི་ཕོ་བྲང་དུ། །ཉལ་འགྲོ་ཐུ་གཏེར་རྒྱ་མཚོའི་ངོགས་སུ་བཞིན། །སྐལ་བཟང་འཇུག་པའི་ལམ་སྲོལ་བླ་ན་མེད། །གྲུབ་རིགས་བྱེ་བའི་ཅོད་པཎ་གཅིག་གྱུར་པ ། src: place of carving uncertain །ཚུལ་འདི་འབུམ་ཕྲག་པར་དུ་ལེགས་བཀོད་པའི། །མཐུན་རྐྱེན་གོང་དཀར་རྒྱལ་སའི་མངའ་བདག་མཆོག ལྷ་སྲས་ལྷ་ཡི་དབང་པོའི་དཔལ་འབྱོར་ལས། ། རིག་འཛིན་བསྟན་པ་རྒྱས་པའི་སླད་དུ་བསྒྲུབས ། །ཁྱབ་བདག་རྡོ་རྗེ་འཆང་དབང་བླ་མ་ཡི ། །མི་འཇིགས་ཆོས་ཀྱི་སེང་གེའི་ཁྲི་བཀོད་པའི་། །མ་ལུས་མཁས་པ་འདུ་བའི་གཙུག་ལག་ཁང་། རྡོ་རྗེ་གདན་གྱི་ཆོས་གྲྭར་གུས་པས་ཕུལ། །དྲི་མེད་པདྨའི་གེ་སར་གསལ་བྱེད་པའི། །ཉི་འོད་བཞིན་དུ་གཞུང་འདི་གསལ་མཛད་པ ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ །བཟང་པོའི་ཕྲིན་ལས་ནམ་མཁའི་ནོར་བུ་ཡིན། །ཡོངས་སུ་རྫོངས་ཀྱང་ར་རིའི་སྣང་བ་ཙམ། །མེ་ཁྱེར་འོད་ཀྱང་མགྲིན་པ་སྟོད་བྱེད་ཅིང་། །ཕྱིར་རྒོལ་འགྲིབ་བའིཔའི་འཇིགས་ལས་མ་གྲོལ་བ། །དེ་དག་དིང་ནས་བག་ཡོད་རྟེན་ཞིག་གུ། །འདི་ལྟར་བསྒྲུབས་པའི་དགེ་བས་ཐེག་མཆོག་གི། །སྤྲིན་ལ་ཆགས་པའི་སེམས་ཀྱི་མདོངས་ཐལ་ཅན། །ལམ་ཟབ་རིམ་པ་གཉིས་ཀྱི་ནགས་ཚལ་དུ ། །དགའ་བཞིའི་ཆར་ཕྲེང་ཐོབ་ནས་གྲོལ་གྱུར་ཅིག ། རྗེ་བཙུན་བླ་མའི་ཞལ་གྱི་དྲིན་ཐོབ་ནས། བཤེས་གཉེན་མཁས་པ་བསོད་ནམས་བློ་གྲོས་ཀྱིས། །ཞིབ་མོའི་བློ་ཡིས་གཞུང་འདི་དག་པར་བགྱིས། པར་ལ་མཁས་པ་རྡོ་རྗེ་བརྟན་པས་བརྐོས༎ ༎ Wish Verses སླར་ཡང་དགེ་བ་མཁའ་དང་མཉམ་པའི་དངོས ། །གང་ཐོབ་དེ་ཡིས་ཐམས་ཅད་མཁྱེན་པའི་དཔལ། ཀུན་དགའ་རྣམ་རྒྱལ་དཔལ་བཟངས་ཞབས་པད་ཀྱིས། །ས་ཀུན་ནམ་མཁའ་གནས་པར་མཛེས་གྱུར་ཅིག༎ ༎ ༎