R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • ཤོག་ལྷེ། (མ་དཔེ། A): 53༡
[A:53༡]འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། མུ་ཏྲ་སིདྡྷི། སཱུརྱ་སིདྡྷ། དེ་ཝཱི་ཤྭ་ར། དེ་ནས་གཉིས་སུ་གྱེས་ཏེ། ཤཱནྟི་གརྦྷ་དང༌། སཱུརྱ་སིདྡྷི་གཉིས་སོ། །ཤཱནྟི་གརྦྷ། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཙོང་སྡེ་ངག་གི་དབང་ཕྱུག བླ་མ་ཤེས་རབ་རྡོ་རྗེ། རྔོག་གཞུང་པ་ཆོས་རྡོར༑ དེ་མན་ཆད་གདན་བཞི་དང་འདྲ་ལ། ཡང་སཱུརྱ་སིདྡྷི་པའི་སློབ་མ་སྒྱི་བྱེ་མ་ལུང་པ་ཇོ་ཡེ། དེ་ལ་རྔོག་གཞུང་པ་ཆོས་རྡཽར། འོ་ཡུག་པ་རོང་སྟོན་རྡོ་རྗེའི་སྒྲ། མང་གར་བ་དཀར་པོ། གྲང་སོ་རྐོང་སྟོན། གླན་སྟོན་གསལ་འོད། ཕྱར་སྟོན་བསོད་བཟང༌༑ དེ་གཉིས་ཀ་ལས་ཇོ་བཙུན་བསོད་ནམས་སྐྱབས་ཀྱིས་གསན། དེ་ལ་གོང་ལུང་པ་ཆེན་པོས་ནོས་པ་ལས་འོངས་པ་བཅོམ་ལྡན་འདས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།། །།ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ། གཉིས་མེད་སྦས་པ། ཨ་ཤོ་ཀ་ཤྲཱི། དྷརྨ་ཤྲཱི་མི་ཏྲ། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ༑ དམར་སྒར་བུ་བ་ཆོས་ཀྱི་རྒྱལ་མཚན། བླ་མ་པུ་རངས་པ། སྐྱི་སྟོན་དཀོན་མཆོག་འབར། ལྷ་རྗེ་སྟོན་པ། དམ་པ་ཐུབ་ཤེ ཡོལ་སྟོན་པདྨ། གོ་ལུང་པ་ཆེན་པོ་ལས་བརྒྱུད་དེ་འོངས་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད། དེའི་དཀྱིལ་འཁོར་གྱི་ཆོ་ག སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པ། དེ་ཉིད་ཀྱིས་མཛད་པའི་དང་པོའི་སངས་རྒྱས་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས། བུམ་པའི་ཆོ་ག མཆོད་རྟེན་གྱི་ཆོ་ག་མདོར་བསྡུས་པ། འཇམ་དཔལ་གྱི་སྒྲུབ་པའི་ཐབས། གཏོར་མའི་ཆོ་ག་སྤྱོད་ལམ་གྱི་ཆོ་ག གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས།
སློབ་