R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • Pagination (Witness A): 519
[A:519]༄༅། །ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག་བཞུགས། ། ༄༅། །ཨོཾ་སྭསྟི་སིངྔྷཾ། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སུ་བྷ་ཀི ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། མཉྫུ་ཤྲཱི་མི་ཏྲཱ། དེ་ཝ་ཨཱ་ཀ་ར་ཙནྡྲ། ཉི་མ་སྦས་པའི་ཞབས། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་སྟོན་འོད་འབྱུང༌། སྲས་འཛམ་མེ། གཅུང་སད་དེ། ཇོ་སྲས་ཁམས་པ། གཉན་རིན་ཆེན་བརྟན། དེའི་སྲས་སློབ་དཔོན་གཉན་འོད་སྲུངས་དགུང་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ལ། བཅོམ་ལྡན་འདས་འཇམ་དཔལ་གྱི་དྲག་པོ་སྔགས་ཀྱི་དབང་ལན་བདུན་ཞུས་ནས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པའི་འཇམ་དཔལ་ཞི་ཁྲོའི་སྒྲུབ་ཐབས་རྒྱས་པ། སློབ་དཔོན་ཨ་མོ་གྷ་བཛྲས་མཛད་པའི་སེམས་ཉིད་བསྡུས་པ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་རིང་ལས་ཚོགས་དང་བཅས་པ། ཞི་བ་ཡེ་ཤེས་ཀྱི་བསྙེན་པའི་ཆོ་ག བསྒྲུབ་པའི་ཆོ་ག དྲག་པོ་ཕྱོགས་གཅིག་པའི་ལས་སྦྱོར། ཞི་བ་ལས་བདུན་གྱི་ཆོ་ག དྲག་པོ་ལས་བདུན་གྱི་ཆོ་ག གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས། རྟོག་པ་གསུམ་པའི་རྒྱུད་གཏམ་རྒྱུད་ཀྱི་རྟོག་པ་དེ་དག་གི་ཞལ་གདམས་དང་བཅས་པ་རྣམས་དང༌། དཔལ་ས་སྐྱའི་སློབ་དཔོན་རིན་པོ་ཆེ་དང༌། གཉན་རིན་ཆེན་བརྟན་ལས་བརྒྱུད་ནས། སློབ་