R1118: ལམ་འབྲས་ལམ་སྐོར་སོགས་ཀྱི་གསན་ཡིག

  • Pagination (Witness A): 149
[A:149] བླ་མ་སྐྱོ་འོད་འབྱུང༌། ཙངས་ཡང་དག་འབར། ཙངས་ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། གཟེ་བ་དོན་གྲུབ་ཡེ་ཤེས། སློབ་དཔོན་འཁམ་eds: «ཞ»ཁམས་པ་ཤཱཀྱ་རྡོ་རྗེ༑ སློབ་དཔོན་སངས་རྒྱས་འབུམ། : བླ་མ་ཆོས་ཀྱི་རྒྱལ་པོ་eds: «ཞ»-བླ་མ་ཆོས་ཀྱི་རྒྱལ་པོ་ལས་སྐྱོ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྒྱུད་དོ།། །།གྲུབ་པའི་སློབ་དཔོན། རྣམ་པར་སྣང་མཛད་རྡོ་རྗེ༑ སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཆོས་རྗེ་པ། : བླ་མ་ཆོས་ཀྱི་རྒྱལ་པོ་eds: «ཞ»-བླ་མ་ཆོས་ཀྱི་རྒྱལ་པོ་ལས་སྒྲོལ་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་བརྒྱུད་དོ།། །།སངས་རྒྱས་བཅོམ་ལྡན་འདས༑ རྗེ་བཙུན་སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་ལྡན་མ། གྲུབ་པའི་སློབ་དཔོན་ས་ར་ཧེ་ཏ།eds: «ཞ»+དེའི་ཡན་ལག་ཚང་བ་རྣམས་བྷེ་ནི་ཏ་བྷ་ཊ། ཁ་ཆེའི་པཎྜི་ཏ་སཾ་གྲ་མ་ཤྲཱི༑ སློབ་དཔོན་འཇམ་པའི་རྡོ་རྗེ། སློབ་དཔོན་: མཁས་eds: «ཞ»ཁམས་པ་ས་ཕུག་པ༑ སློབ་དཔོན་མངོན་པ་དབང་ཕྱུག་བརྩོན་འགྲུས། : བླ་མ་ཆོས་ཀྱི་རྒྱལ་པོ་eds: «ཞ»-བླ་མ་ཆོས་ཀྱི་རྒྱལ་པོ་ལས། ཨུརྱན་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་དེའི་ཡན་ལག་ཚང་བ་རྣམས་བརྒྱུད་དོ།། །།བླ་མ་བརྒྱུད་པའི་མཚན་འདི་རྣམས༑ བླ་མ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དེ་ཉིད་ལ། བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས། མཚལ་མདོར་བསྡེབས་པའི་ཡི་གེ་པ་ནི་ཨ་ཙ་རའོ།། །།