R1120: རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བྱུང་ཚུལ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ།

  • Pagination (Witness B): ༤༤༥
[B:༤༤༥]འགྲེལ་དང་བཅས་པ་ལ་དབང་འབྱོར་པས། གདུལ་བྱ་རྣམས་ཀྱི་རེ་བ་སྐོང་བར་མཛད་པའི་བདག་ཉིད་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པ་ཐོབ་ཅིང༌། ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་ཆོས་འདི་དོན་དུ་གཉེར་ཞིང་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པ། དགེ་བཤེས་སངས་རྒྱས་བློ་གྲོས་ཀྱིས་ཡང་ཡང་བསྐུལ་ཞིང༌། བྱང་བུའི་རྐྱེན་སྦྱར་བ་ལ་བརྟེན་ནས། ས་སྐྱོང་གི་ལོ་ནག་པ་ཟླ་བའི་ཚེས་ལྔ་ལ་ཆོས་གྲྭ་ཆེན་པོ་དཔལ་ས་སྐྱར་སྦྱར་བའོ།། །། །།