R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡༣ན
[A:༡༣ན] པ་ཡིན་པ་འདྲ། མལ་གྱི་འོག་ན་ནི་དོར་མ་གཅིག་བཅུག་འདུག། ཐོ་རངས་ཁ་ནི་སྐྱོ་གླུ་རང་ལེན་གྱི་འདུག། ཅི་ན་བསམ་པ་བྱུང་གསུང། དེའི་དུས་ཕག་དཀར་གྱི་བསྟོད་པ་འདི་གསུངས་པ་ཡིན་པར་བྱུང་ངོ་ དེ་ནས་རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས་པར་ཡང་གྲགས། མཁས་མཉམ་པ་མང་པོ་ཡང་འདུས་དེ་རྣམས་ལ་། གང་ལ་གང་འདུལ་གྱི་གདམས་པ་འདྲེན་པའི་ཐེག་པ་གསུམ་པོ་དག་བཅོམ་ལྡན་ངེས་པར་གསུངས་ལེགས་ན། རྒྱུ་འབྲས་ལྷུན་གྲུབ་དུ་ཕྱོད་ཅིང། སངས་རྒྱས་གཞན་ནས་མི་འཚོལ་བའི། ངེས་པའི་ཐེག་པ་ཅིས་མ་གསུངས། ཞེས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། འཁོར་ལོ་རབ་ཏུ་བསྐོར་བྱས་ནས། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག། མ་འོངས་དུས་སུ་འབྱུང་པར་འགྱུར། ཞེས་གསུངས་པའི་དོན་ཐུགས་ལ་བཞག་ནས། སྒྲ་དོན་དུ་གཉེར་བ་ལ་སྒྲའི་བསྟོས་དང། ཚད་མ་དོན་དུ་གཉེར་བ་ལ་ཚད་མ། བྱམས་ཆོས་དོན་དུ་གཉེར་བ་ལ་བྱམས་ཆོས། མངོན་པ་གོང་འོག་དོན་དུ་གཉེར་བ་ལ་མངོན་པ།་འདུལ་བ་དོན་དུ་གཉེར་བ་ལ་འདུལ་བ། སྙན་དངགས་དོན་དུ་ལ་གཉེར་ལ་སྙན་དངགས། དབང་དང་མན་ངག་དོན་གཉེར་དུ་ལ་དབང་དང་མན་ངག། མདོར་ན། གང་ལ་གང་འཚམ་གྱི་གདམས་པས་གདུལ་བྱ་རྣམས་ཚིམ་པར་མཛད་དེ། འཆད་ཉན་ཀྱང་ཤིན་དུ་འཕེལ། གྲ་དཔུང་ཀྱང་ཆེ། དཔོན་རྣམས་ཀྱང་ཐུགས་ལ་འདོགས་པས། གྲ་པ་བྱིན་ཤེ་མོ་ཆེ་ཞིང། ཁ་གྲག་དྲགས་པའི་སྟོབས་ཀྱིས། ཅུང་བྱང་ཆུབ་སེམས་ཀྱི་བསམ་བློ་དང་འགལ་དགོས་ཀྱིས་ཐུགས་སྐྱོ་བའང་བྱུང། ཅུང་པ་ཆོས་གཞོན་བྱ་བ་དང། གྲ་པ་རྣམས་ཐུག། རྒྱ་འདྲེ་ཆེན་པོ་སྦྱར། འཇམ་དབྱངས་པ་ལ་ཞལ་ལྟ་ཞུར་བྱོན་པས་འཇལ་ཁ་མ་གནང་པས། ཐུགས་མུག་ནས། ཆོས་ཀྱིས་འབྱོར་ཀྱང་ནོར་སྤྱོད་དང་མི་ལྡན་ཞིང། བདེན་ཚིག་ཡོད་ཀྱང་ཞུ་བའི་སྐབས་མེད་ལ། ཉེས་པ་མེད་ཀྱང་ནག་ཅན་གཉག་ཕུ་པས། ཞུ་བའི་ཚིག་འདི་བཅུང་ཟད་གསན་པར་རིགས། ཆེན་པོ་འབི་མ་ལ་ལ་འབུལ་གྲོགས་བཅོལ། རང་