R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡༣བ
[A:༡༣བ] བསྐུལ་མའི་ཚིག་སྤྱད་འདི་མཛད་པ། ད་ཅིས་ཀྱང་དགོས་པ་མེད། འཇིག་རྟེན་ཆོས་བརྒྱད་སྤངས་པའི་སྙིང་ནས་རང་ཆོས་གཅིག་བྱེད། དེ་ཐོག་མར་ཡུལ་ཕྱོགས་སྤོང་པ་གལ་ཆེ་བར་འདུག་པས། ཕྱོགས་གེག་མོ་ཞིག་ཏུ་འགྲོ་དགོས་དགོངས་ནས། ཆོས་བྱེད་ཀྱི་གྲ་པ་རེའང་ཟླ་གྲོགས་ལ་འཚོལ་གྱིན་ཡོད་པའི་སྐབས་སུ། ནང་གཅིག་བཟང་ལྡན་གྱི་གཟིམས་ཆུང་གཅིག་ན་བཞུགས་པའི་ཚེ་རྨི་ལམ་དུ། ནམ་མཁའི་མཐོངས་ཡའི་ན། ཁྲི་ཆེན་པོ་གཅིག་གི་སྟེང་ན། ཁྲ་ཕུང་ཕུང་པ་གཅིག་འདུག། དེ་ལ་འཛེག་པའི་རྐས་རིངས་གཅིག་གཙུགས་འདུག་པ་ལ། མི་འགའ་རེ་ཨེ་ཐར་ལྟ་ཡིན་འདུག། དེ་རྣམས་ན་རེ། ཁྱོད་འཛེགས་དང་ཟེར། དེ་ལ་འཛེགས་པས་རྩེ་མོར་སླེབ་དེར་ལྟས་པས། ཐུབ་པའི་སྐུ་གཅིག་དང་དུང་དཀར་གཉིས་འདུག་དེར་གཅིག་བུས་པས། དེའི་སྒྲ་ཡིས་སྟོང་ཁམས་ཐམས་ཅད་ཁྱབ་པ་གཅིག་བྱུང་པ་རྨིས་གསུང། དེ་དང་དུས་མཉམ་པར་ཇོ་གདན་པ་རྣམས་ཀྱིས་མཁན་པོའི་ཟན་ཧྲིལ་བྱས། ཟན་ཧྲིལ་རྗེ་ལ་བྱུང་པ་དང་དུས་མཉམ་པར་འདུག་གསུང། ཡང་ས་སྐྱ་ཚོགས་ན་དགེ་བཤེས་སྒྲེས་པ་ལ། ཉ་དབོན་པ་དང་། མཆད་ཉན་པའི་བར་ཤར་བ་ལ་རྗེ་དང། གྲ་པའི་ནང་ན། ཀརྨ་བ་དཀོན་གཞོན་དང་། གཞོན་པ་ལ་མཁེན་སངས་རྒྱས་དཔལ་དང། སློབ་གཉེར་བ་རྣམས་ཀྱི་ཁྲོད་ན་རེད་མདའ་ཇོ་བཙུན་གཞོན། བློ་བ་སྟོན་པ་བཟང་པར་གྲགས་པ་ཡིན་
ཞེས་གཞན་རྣམས་སློང་པ་ཡིན་
འདུག། དེ་དུས་ཀརྨ་བ་དཀོན་གཞོན་དང། རྒྱུད་བླའི་དགོངས་དོན་གྱི་ཆ་ལ་ཚོགས་སུ་སྒྲོགས་གླེང་མཛད། རྗེ་པས་རྒྱུད་བླའི་འགྲེལ་པའི་ལུང་གཅིག་དྲངས་ནས། ལུང་ཁྱབ་ཀྱི་འཁོར་གསུམ་ལན་མེད་གཅིག་མཛད་པ་ན། དཀོན་གཞོན་ན་རེ། ལུང་དེ་འདྲ་འགྲེལ་པ་ན་མེད། འགྲེལ་པའི་སྟོད་སྨད་བྱིན་ངའི་བློ་ལ་ཡོད་ཟེར་བ་བྱུང་པ་ལ། གཉིས་ཀའི་ཆོས་གོས་འཇམ་དབྱངས་པའི་ཕྱག་དུ་བཞག། འགྲེལ་པ་ན་ཡོད་མེད་ཀྱི་རྒྱལ་བྱས། འགྲེལ་པ་སླངས་ནས་གཟིགས་པས་གསུང་བཞིན་དུ་འདུག་ནས། རྗེ་པས་གྲལ་ལ་ཆོས་གོས་ཁྱེར་ནས་རྒྱུགས་པས། ཁོང་པ་འུ་ཐུག་བྱུང། དེར་འཇམ་དབྱངས་པ་ན་རེ་འདིར་ཐོང་དང་ང་ཡིས་