R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡བ
[A:༡བ] ན་མོ་ཤྲཱི་མན་གུ་རུ་རདྣ་པཱུ་ཎྱ་བྷ་ཏྲ་སྟོད་ཏྲ་ན་མ༔ དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ། བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། རྒྱལ་བ་ཀུན་གྱི་ཡོན་ཏན་མཛོད་འཛིན་ཅིང། རྒྱལ
བའི་
ཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛད། རྒྱལ་སྲས་གཙོ་བོ་མཉམ་མེད་ཆོས་ཀྱི་རྗེ། བསོད་ནམས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ཐེག་གསུམ་དམ་ཆོས་རིན་ཆེན་འབྱུང་པའི་གཏེར། བསླབ་གསུམ་གཅེས་འཛིན་འདུས་པ་ཀུན་གྱི་གཙོ། མཆོག་གསུམ་ཅིག་འདུས་ཆོས་རྗེའི་ཞབས་
ལ་
འདུད། དེ་ཡང་དཔལ་འདུས་པ་ལས། སངས་རྒྱས་གང་གའི་རླུང་གི་བྱེ་མ་རྙེད་ལ་མཆོད་པ་བྱས་པའི་བསོད་ནམས་ནི། བླ་མའི་བ་སྤུའི་བུ་ག་ལས་མཐོང་ངོ། ཅེས་དང། ཁ་སྦྱོར་ལས། བླ་མའི་མོསམོ་གུས་ཙམ་གྱིས་ནི། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་སོགས་དང། བདེ་མཆོག་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། བླ་མ་མཆོད་པ་རབ་ཏུ་བརྩམ་། དེ་མཉེས་པ་ལས་ཀུན་མཁྱེན་གྱི། ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར་ཅེས་དང། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་སྟེ། ཅེས་དང། སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང། བརྩོད་པའི་དུས་འདིར་བདག་དོན་དུ། ཀུན་དང་མཐུན་པར་སྟོན་མཛད་པ། དེ་ལྟར་ཤེས་ནས་དངོས་ཀུན་གྱིས། བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། དངོས་གྲུབ་རྒྱ་ཆེན་སྣོད་དུ་འགྱུར་ཅེས་དང། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། སློབ་དཔོན་ལ་ནི་དེ་བཞིན་གཤེགས། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། དུས་གསུམ་དུ་ནི་མངོན་ཕྱག་བགྱི། ཅེས་དང། བླ་མ་དང་ནི་རྡོ་རྗེ་སེམས། ཐ་དད་པར་ནི་མི་རྟོག་གོ། ཅེས་སོགས་གསུངས་པ་ལྟར། གནས་ཚུལ་ཡིན་པ་ལ་ཡིན་པ་ལྟར་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་དེ། སྔོན་བསགས་བསོད་ནམས་ལེགས་སྦྱར་ཆུ་གཏེར་དབུས། བཟང་པོའི་རྣམ་