R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡༨ན
[A:༡༨ན]གི་མན་ངག་གི་ཡན་ལག་དྲུག་འབིར་བ་པའི་སྟོད་པ། རྡ་དོན་གསལ་བའི་ཁྲིད་ཡིག། ཁྲིད་ཀྱི་དཀར་ཆག། ཟངས་ཚའི་ཟིན་བྲིས། ས་ཆེན་གྱི་མཛད་པའི་ལུང་འདི་ཉིད་དང་སྦྱར་བ་མདོར་བསྡུས། སློབ་དཔོན་ཆེན་པོས་མཛད་པའི་ལུང་སྦྱོར་རྒྱས་པ། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། མཚོ་སྐྱེས་རྡོ་རྗེའི་ལོ་རྒྱུས་དང། ཌོམ་བྷི་ཧེ་རུ་ཀའི་ལྷག་གེ་སྐྱེས་བསྒྲུབ་ལ་བརྟེན་པའི་ལམ། དེའི་ཆ་ལག། རྟོག་མེད་བུ་ཆུང་གི་ལམ་གྱི་ཕྱག་རྒྱ་བརྟེན་པ། ཏོག་རྩེ་པའི་བསམ་མི་ཁྱབ་ལ་བརྟེན་པའི་ལམ། ནག་པོའི་གཏུམ་མོའི་ལམ་རྫོགས། ཡོན་པོ་སྲོང་པ། ཨིནྜ་བོ་དྷིའི་ལམ་དབང་གི་ལམ་
ཡོངས་
རྫོགས། ཀླུ་གྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་མ། ནཱ་རོ་ཏ་པའི་བསྡུལ་གསུམ་སེལ། ངག་དབང་པའི་གཉུག་མ་དྲན་གསལ། ཤེས་འབྱུང་གནས་ཀྱི་བཏད་བསྲུངས་བ། ཛྙ་ན་ཤྲིའི་འབྱུང་པ་ལུས་འཁྲུགས་ཀྱི་བཏད་བསྲུངས་བ། རིན་ཆེན་རྡོ་རྗེའི་ཏིང་ངེ་འཛིན་སེམས་ཀྱི་བཏད་བསྲུང་བ། ཤནྟི་པའི་མདོ་རྒྱུད་བསྲེགས་པའི་མན་
ངག་
རྣམས་ནི། དུས་གཅིག་ལ་ཆུ་ཕོ་ཁྱི་ལོ་ལ་གསན་ནོ།
བླ་མ་རིན་ཆེན་རྡོ་རྗེར་བ་ལ། ཤངས་པ་བཀའ་རྒྱུད་ཀྱི་ཆོས་སྐོར་དུ་གྲགས་པའི་ནི་གུ་མའི་ཆོས་དྲུག་དང། སྟུ་ཁ་སདེ་དྷིའི་ཆོས་དྲུག། གའུ་མ་དང་བཅས་པ། ཆོས་དྲུག་ཕྱིའི་བཀའ་བཞི་དང། བྱེ་བྲག་གི་བཀའ་དྲུག་ལ་སོགས་པ་དང། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་འཛིན་པ་རང་གྲོལ། རྨི་ལམ། འོད་གསལ། འཕོ་བ། བར་དོ་མ་སྒོམས་སངས་རྒྱས་སོགས་གདམས་པའི་སྐོར་མ་ལུས་པ་གསན་པ་རྣམས་ཀྱི་ཐོ་ཡིག་ནི་ཡི་གེ་མངས་པས་འཇིགས་ནས་མ་བྲིས་པ་ལགས། ནཱ་རོའི་ཆོས་དྲུག་དུ་གྲགས་པ་པ་ལ། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར། འཁར་ཁ་མ་དང། ཀ་དཔེ་ཚིགས་དཔྱད་
ལྷུག་
ལ་སོགས་པ་མང་པར་བསན་འདུག་ནའང། དུས་ཕྱིས་ཆོས་རྗེ་ཀརྨ་པ་དེ་ནི་ལེགས་པའི་དྲུང་དུ། དེ་སྐོར་གྱི་མཚན་རྒྱ་བཅུ་རྩམ་བསན།