R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡༩ན
[A:༡༩ན] བ་ནི་རྒྱུན་དུ་ཡོད་ལ། དེ་ནས་གདུལ་བྱའི་ངོར་སྐུ་ཚེ་བྱིན་གྱིས་རླབས་པར་མཛད་པས་ཚེ་ལ་དབང་པ་ཡིན། རྒྱུ་མཚན་འོག་ཏུ་འཆད། སེེམས་ལ་དབང་ཐོབ་ཏེ། སྐབས་གཅིག་ཆོས་དྲུག་གི་སྤོ་ཏི་མ་ཚང་བར། ཡུན་རིངས་ཐུགས་ལས་ཀྱང་ཆེ་བར་བྱུང། ནང་གཅིག་དུམ་པས་ངའི་གཉིད་མ་སྐྲོག་གསུང། དེ་མ་ཁད་ངའི་གོས་ཐོང་གསུང། ནམ་ཟ་ཕུལ་བས། དེ་ཕྲལ་གཞེངས་གསེར་སྐུ་གཅིག་གིས་འོག་ནས་སྤོ་ཏི་དེ་རྙེད། གཉིད་ཅིག་ཀློག་པ་ལ་དེ་ལས་ཁེ་
ཆེ་
བ་
མ་བྱུང་
གསུང། དེས་ན་ཏིང་ངེ་འཛིན་ལ་ཇི་ལྟར་འདོད་པ་བཞིན་འཇོག་ནུས་པ་ཡོད་དོ། ཡོ་བྱད་ལ་དབང་པ་ནི། ནམ་མཁའ་མཛོད་ལ་མངའ་བརྙེས་པས་སེམས་ཅན་རྣམས་ལ་ནོར་གྱི་ཆར་འབེབས་ནུས་པ་ཡོད་དོ། སྐུ་ཚེ་དེའི་རིང་ལ། ཚོགས་པའི་དབྱར་གནས་ལན་གསུམ་མཛད་དོ། དབྱར་གནས་རེ་ལ་གཙུག་ལག་ཁང་རེ་དང། ཐུགས་དམ་སོ་སོའི་སྐུ་ཚད་རིན་ཆེན་གསེར་ལས་གྲུབ་པ་ཁྲི་རྒྱབ་ཡོལ་རྐོས་མ། མདུན་ན་དངུལ་བྲེ་ཆེན་ལས་རྡུངས་པའི་རྐོང་བུ། རྐོང་རྒྱགས་མཆོད་རྫས་དང་བཅས་པ། རབ་གནས་ཀྱི་དུས་རུ་མཚམས་སྟོང་སྐོར་བསགས་ཏེ། འབུལ་སྐྱེད་སྟོན་མོ་བསམ་གྱིས་མི་ཁྱབ་པ་དང། བླ་མ་གོང་མའི་གདུང་རུས་གཞུགས་པའི། དྲི་མེད་འབུམ་གཏེར་གཞུགས་པའི་བྱང་ཆེན་མཆོད་རྟེན་གཞེངས། དེ་ལ་རབ་གནས་མངའ་གསོལ་བྱེད་དུས། གོང་མ་རྒྱལ་པོ་ལ་སོགས་པའི་རྒྱ་བོད་ཀྱི་ཡོན་བདག་རྣམས་ཀྱིས་ནོར་ཕུད་ཕུལ་བ་རྣམས། ཇོ་གདན་ཚོགས་པས་གཙོ་མཛད་རྣམས། ཕྱོགས་བཅུའི་དགེ་འདུན་རྣམས་དང། དྲུང་ཆེན་བྱང་ཆུབ་དཔལ་བ་ཡབ་ཡུམ་སོགས། དེར་ཕེབས་པའི་ཡོན་བདག་སྐྱ་ནག་དང་བཅས་པ་ལ་འཕངས་པ་མེད་པར་བཏང། དེར་རྗེས་འབུལ་བ་ཕྱག་རྫས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང། གང་ལ་གང་འཁོའི་ཚུལ་དུ། གཙུག་ལག་དང་། རྟེན་གསུམ་གསུང་རབས་གཞེངས་པ་དང། ཕྱོགས་ནས་ལུས་པའི་ཡུལ་གང་འོས་ལ་