R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༢༦བ
[A:༢༦བ]རྟེན་སོགས་ཀྱི་རབ་གནས་ཚུན་ཆོད་རྗེ་པ་རང་གིསགི། བུའི་རྗེས་ཕས་བསྒྲུབ་པ་བཞིན་མཛད་དེདོདེ་དུསགོངདགུང་ལོ་བདུན་བཅུཅུ
དོན་ལྔ་
པ་ཡིན་ནོ།
སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་ནི། རིགས་དང་རུས་བཟང་པ་དང། ངན་པ་ལ་འདོར་ལེན་མེད་པའམ། དམན་པ་རྣམས་ལ་མཆོག་ཏུ་བརྩེ་བར་དགོངས་པའམ། ཡང་ན་དམན་པར་བཏགས་པ་གང་ཡིན་པ་དེ་ཉིད་ལའང་མཆོག་ཉེ་བར་གནས་སོ། ཞེས་སྟོན་པའི་ཕྱིར། ཕལ་པ་དག་གིས་བཟང་པོར་མ་མཐོང་པའི་ཡུལ་རིགས་སོགས་མི་ངན་པར་གཟིགས་ནས། སྐུ་སྐྱེ་དུ་མར་ཕལ་པར་སྣང་བ་དག་གིས་སྲས་སུ་འཁྲུངས་ལ། འདིར་ཡང་ངོམ་
བྱ་
བྲལ་
པ་
ལ་གཉེར་ཁ་གཏད་ལ། མགོ་རློན་གཟའ་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། དེ་ཡང་འདིར་མཐའ་ཡས་པ་སྤྲོ་ཞིང་འཇའ་འོད་ཀྱི་ལམ་ལ། སྐུའི་རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པས། གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར། སྤྲོ་བ་དང་བསྡུ་བའི་ཆོ་འཕྲུལ་དག་མཛད་དེ། ཡུམ་གྱི་ལྷུམས་སུ་སྦྱངས་ནས། རིན་པོ་ཆེ་ལས་གྲུབ་པའི། གཞལ་མེད་ཁང་མཆོག་ཏུ་འོད་གསལ་བ་བདེ་བའི་ཡོ་བྱད་དང་ལྡན་པ་ཉིད་དུ། ཏིང་ངེ་འཛིན་གྱི་རོལ་པ་བསམ་གྱིས་མི་ཁྱབ་པས་ཡང་དག་པར་རོལ་ཞིང། སྐྱེ་བ་ལ་དབང་ཐོབ་པའི་རྡར། ལྷུམས་སུ་ཟླ་བརྒྱད་ལས་མ་གཞུགས་པར། དྲན་ཤེས་གཞིན་དང་ལྡན་པས། རང་གཞན་ལ་མ་གནོད་པར། མངལ་གྱི་དྲི་མའི་སྐྱོན་དང་བྲལ་བའི་བདག་ཉིད་ཆེན་པོ་དེ་འཁྲུངས་པར་གྱུར་རོ། འཁྲུངས་པར་གྱུར་མ་ཐག། འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་མཚོན་པ་དང། བདེ་བར་གཤེགས་པའི་གསུང་རབས་མ་ལུས་པ་ལ་མངའ་འབྱོར་བའི་བརྟགས་སུ། ཨོཾ་མ་ཎི་པདྨ་ཧཱུཾ་ཞེས་པ་དང། དབྱངས་ཡིག་བཅུ་དྲུག་ཀྱང་གསུངས་ལ། སྐྱེ་བོ་རྣམས་ཀྱིས་བློ་གྲོས་ཡངས་པའི་སྐྱེ་བ་ཡིན་པ་འདྲ་ཟེར་བ་དང། ཕལ་ཆེ་བས་དེ་ནི་ལེགས་པའི་སྐུ་སྐྱེ་ཨེ་ཡིན་ཟེར་བ་བྱུང། དེའི་སྐད་ཆ་དེ་ཐམས་ཅད་དུ་གྲགས་པ་དང། བྱ་བྲལ་བས། ཆོས་