[A:༣༡ན] ཐོར་བུའི་སྐོར། ཡུམ་རྒྱས་འབྲིང་སྡུས་གསུམ་དང། ཕར་ཚད། འདུལ་མཛོད། སྤྱོད་འཇུག། ལུང་སྡེ་བཞི་སོགས་ཀྱི་དཀར་ཆག། གོང་མ་རྒྱལ་པོ་སོགས་དབང་སྒྱུར་བའི་རྒྱལ་པོ་རྣམས་ལ་གདམས་པའི་གའུ་སོགས་མང་ལ། བསྟན་བཅོས་དང་བཀའི་རྣམ་བཤང་མཛད་པ་ནི། གོང་ལོ་དོན་གསུམ་གཞེས་དུས་འདུལ་བའི་དཀའ་འགྲེལ་བདུད་རྩིའི་ཉིང་ཆུ་ཞེས་བྱ་བ་མཛད། གོང་ལོ་དོན་བརྒྱད་གཞེས་པ་ས་ཕོ་ཁྱིའི་ལོ་ལ་འཇམ་དབྱངས་ཁ་ཆེས་བཀུལ་བའི་ངོར། དབུ་མ་ཆོས་ཀྱི་དབྱིངས་སུ་སྟོད་པའི་རྣམ་བཤད་མཛད་པ་ནི། ཀུན་ལྡན་ཞེས་བྱ་བ་ལྕགས་ཁྱི་བའི་ལོ་གྱད་བཅུ་པ་ལ་རྣམ་འགྲེལ་གྱི་ཏྲི་ཀཱ་མཛད། དེའི་ཕྱི་ལོ་ལོ་ཙྪ་བ་སྐྱབས་མཆོག་པས། གཞན་སྟོང་གི་གྲུབ་མཐའ་དགག་པ་དང། རང་ལུགས་ཀྱི་གྲུབ་མཐའ་གཞག་པའི་ཡིག་ཆ་རྩོད་མེད་དུ་གྲགས་པ་ལ། སུན་འབྱིན་པའི་རྩོད་ལན་ལུང་དང་རིགས་པའི་གཏེར་མཛོད་མཛད། མཛེས་བྱེད་ཅེས་བྱ་བ་ཆུ་མོ་ཡོས་ཀྱི་ལོ། གོང་ལོ་གྱ་གསུམ་གཞེས་པའི་དུས། འདུལ་བ་ལུང་སྡེ་བཞི། འགྲེལ་པ་དང་བཅས་པ་གཞེངས། བུ་དཔེ་ལ་དྲུང་གནས་རང་གི་ཞུ་དག་དང་སྦྲགས་ཏེ། ངེད་གྲོགས་མཆོད་བཞི་ལ་ལུང་ཚད་མར་གནང། དེ་གྲུབ་པ་དང་འདུལ་བ་འདི་ལ་བག་ཆགས་སད་པ་ཡིན། རྒད་བུའི་ལག་རྗེས་འཇོག་གསུང་ཏེ། བདག་གིས་ཞབས་ཐེག་བྱས་ལུང་བཞིའི་གསོ་སྦྱོང་བཞི་ཡན་ཆད་ལ། དགེ་ལེགས་གཤེས་གཉེན་གྱི་འགྲེལ་པ་བཞིན་གཞག། མཚོ་སྣ་བའི་ཏྲིཀ་ཆེན་སོགས་ཀྱི་དགོངས་པ་བླངས་པ་དང། བུ་སྟོན་དང་རྗེ་པ་རང་གི་དགོངས་པའི་ལུགས་བཞིན་འཆན་བཏབ། དེ་མན་ཆད་དང་སོ་ཐར་གྱི་མདོ་གཉིས། རྣམ་འབྱེད་གཉིས། ཕྲན་ཚེགས། ཞུ་བ་ཆེ་ཆུང་དང་བཅས་པ་ལ་རང་རང་གི་འགྲེལ་པའི་དགོངས་པ་བཞིན་འཆན་བཏབ་ཏེ། སྣ་ཚོགས་དབྱིག་ཅེས་བྱ་བ་ཤིང་མོ་སྦྲུལ་གྱི་