R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༣༣བ
[A:༣༣བ] སྣང་བའི་ཕྱིེར་རོ། མཧཱ་ཀཱ་ལ་ལྕམ་བྲལ་བྲན་གཡོག་དང། བྱང་ཕྱོགས་སྐྱོང་རྒྱལ་རྣམ་ཐོས་སྲས་ལ་སོགས། དམ་ཅན་རྒྱ་མཚོ་བསྲུང་མའི་ཚོགས་རྣམས་ཀྱང། ཁྱོད་ཞབས་གུས་བརྟེན་ཕྲིན་ལས་བསྒྲུབ་ལ་འདུད། དེའང་འདི་སྐད་ཐོས་ཏེ། རྗེ་རིན་པོ་ཆེ་ཉིད་ཐེགས་གཞུད་དགོངས་པ་ན། ཞག་ལྔ་དྲུག་ཙམ་གྱི་གོང་ནས། མི་ནག་དང་མི་དམར་དང། བུད་མེད་ཀྱི་རིགས་མཐའ་ཡས་པས། ས་ཕྱོགས་དེ་ངོས་ལ་ལམ་འཆན་པར་སྣང་བ་དང། རྟ་པ་དམར་པོའི་དཔུང་གིས་བཀོར་བ་དང། ཧོར་གྱི་མི་རིགས་ཡིན་པ་ལ། ལག་ན་བསེ་མདུང་དང། ལུས་ལ་བསེ་ཁྲབ་བསེ་སྨོག་གནོངས། རྨང་རའི་ཨག་ཚོམས་དང་བྱ་རྒྱུ་ཡོད་པ་དཔག་མེད་ཀྱི་དཔུང་དང་བཅས་འབྱོན་པ། མགར་སྒོམ་བསོད་རྒྱལ་སོགས་སྒོམ་ཆེན་རྩ་བཟང་པོ་སོགས་མང་པོའི་གསལ་སྣང་ལ་མཐུན་པར་བྱུང་པ་དང། སྐབས་གཅིག་ཇོ་གདན་མཚོགས་པའི་དབྱར་གནས་ཡ་འབྲོག་སྒ་འདྲར་བྱས། དེ་ནས་ཁྲ་ལ་འབྱོན་པའི་ལམ་འབྱད་ལ་འཛད་འདུག་པ། གཡག་པོ་རིའི་སྟོད། བྲག་སྒོའི་ལ་ཁ་ནས། མཛོ་པ་རྣམས་དམྱལ་བའི་བྱག་པས་ཁྱེར་འདུག་པ་ལ། བྱག་ཚངས་ཀྱི་གདམས་པ་མཛད་འདུག་པས། བྱག་པ་རྣམས་རེངས་པར་གྱུར། ཁོང་རྣམས་ལ་ཁ་ཟས་དང། ཆོས་ཀྱི་གནང་སྦྱིན་མཛད། དྲི་བ་མཛད་དུས་ས་གཞི་བྱིན་རྟ་པ་དམར་པོས་ཁེངས་ནས་འགྲོ་བའི་སྐབས་མ་རྙེད་ཟེར་བ་སོགས་ལོ་རྒྱུས་ཤིན་དུ་མང་ལ། དུས་ཕྱིས་སློབ་དཔོན་ནོར་བཟངས་པ་རྡོ་བཀོར་རྒྱག་པའི་མཚམས་སུའང་མི་དམར་པོ་རེས། རྡོ་འབེན་གྱི་སར་སྐྱེལ་བ་འདུག་
ཟེར་བ་
སོགས་དང། ཉེར་འཁོས་འཐོགས་པ་བྱུང་ན། རྗེའི་དྲུང་དུ་ཞལ་ལྟ་ཞུས་པའམ། ཁོང་རང་གིས་ཐུགས་ལས་མཛད་པ་ཙམ་གྱིས། དེ་འཕྲལ་དུ་འབྱུང་པ་ཡོད་ལ།་ཨ་ཙ་ར་རས་ཀྱི་ཨང་ག་རག་གོན།་དུང་གི་སྣ་ཆ་ཡོད་པ་མང་པོས། ཁྲི་ནས་འདེགས་པ་དང། མཛོ་ཁལ་