R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༤༠ན
[A:༤༠ན] པའི་དགའ་སྟོན་གྱིས་ཐུགས་ཀྱི་དགོངས་པར་སླང་དོར་བྱས་ཤིང། ཕྱི་རྟེན་ནང་རྟེན་གསུང་གི་རྟེན་རྣམས། དང་པོ་བཞི་ནི་ཞལ་གཞུགས་དུས་སུ། རབ་གནས་ཀྱང་རྗེ་པ་རང་ལ་ཞུ་བ་ཡིན་གསུང་ནས། ཞལ་གཞུགས་པའི་དུས་སུ་གྲུབ་པར་མཛད་ལགས། ཁྱེད་ཀྱི་རྣམ་ཐར་དཔག་ཡས་རྒྱ་མཚོ་ལས། ཅུང་ཟད་བླངས་པའི་ཆུ་གཙང་དྲི་མེད་འདི། ཉོན་མོངས་ཚད་པས་གདུངས་པའི་སྐོམ་ནད་ཅན། མགོན་མེད་རྣམས་ཀྱི་སྐོམ་པ་ཞི་གྱུར་རོ། དེ་ལྟར་ན་མགོན་པོ་ཚེ་དཔག་ཏུ་མེད་པ་དང། རྒྱལ་བ་མ་ཕམ་པ་དང། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགྲིན་གཅིག།
Author Colophon དབྱངས་གཅིག དགོངས་པ་གཅིག་གིས། སེམས་ཅན་གྱི་དོན་བཀུལ་ཞིང་རང་ཉིད་ཀྱང་སེམས་ཅན་ལ་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་ནས། སྤྲུལ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་མཛད་པའི་སྤྲུལ་པའི་སྐུ་དེ་ཉིད་ཀྱི་འང། བླ་མའི་འོས་སུ་རྒྱལ་བ་རྣམས་ཀྱིས་སྔགས་ཤིང། ལུང་བསྟན་ལ་རང་ཉིད་ཀྱིས་ཀྱང་དབང་ཐོབ་ཅེས་པའི་སྒོ་ནས་ཞལ་གྱིས་
གཞེས་
པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི། བདག་ལྟ་བུའི་བསམ་རྗོད་ལས་འདས་ཤིང་ཡུལ་མ་ཡིན་ལ། ཆ་ཤས་ཙམ་ཀྱང་མཚོན་པར་མི་ནུས་ནའང། རང་གི་ཅུང་ཟད་ཐོས་པ་དང། ཞལ་ནས་དངོས་སུ་གསུང་བ་དང། ཉེ་གནས་ཆེན་པོའི་གསུང་ངག་ལ་འདྲིས་ནས་ཅུང་ཟད་རང་གི་རྗེད་བྱང་དང། བློ་ཆུང་པ་རྣམས་དད་པ་བསྐྱེད་པའི་ཕྱིར། ཕྱོགས་ཙམ་གཅིག་བྲིས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། བླ་མ་དང་བྲལ་ནས་མགོན་མེད་པ་རྣམས་ཀྱི་དད་པའི་གསལ་འདེབས་བྱས་ཏེ། བླ་མ་རིན་པོ་ཆེའི་ཞབས་དྲུང་དུ་སྐྱེ་བར་ཤོག། ཅེས་པའི་དོན་ཏེ། གདམས་པའི་དོན་དང་ངེས་དོན་གནད་མ་གོ། རྒྱུ་འབྲས་སླུ་བ་མེད་ལ་ལོག་པར་སྤྱོད། རབ་བྱུང་ཚུལ་བཟུང་ཁྱི་མག་སྤྱོད་ལ་འདྲན། བདག་འདྲའི་སེམས་ཅན་སྐྱོའི་སྤྱན་གྱིས་གཟིགས། བྱས་པའི་ཡུས་མེད་བདེན་པའི་ཚིག་མེད་ཀྱང།