R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 1
[A:1]༄༅། །མ ཧཱ ལོ ཙཱ ས རྦ ཛྙཱ པྲ ཛྙོ ར ཏྣ སུ ཤྲཱི དྷྭ ཛ སྱཔདསྱབིམོཀྵབིཛཧཱར། །ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ་བཞུགས་སོ། ། ན་མོ་མཉྫུ་བཛྲཱ་ཡ། དཔལ་ལྡན་དགེ་ལེགས་གསེར་གྱི་གཞི་ལས་འཐོན།། ཡོངས་རྫོགས་ཡོན་ཏན་སྐུ་བཞིའི་བང་རིམ་ཅན། །ཕྲིན་ལས་གཟི་འོད་ཕྱོགས་ཀྱི་མཐའ་འཇལ་བ། །དཔལ་ལྡན་བླ་མ་ཐུབ་དབང་ལྷུན་པོར་འདུད། །གང་གི་དྲིན་ལས་བདག་བློའི་ཆུ་འཛིན་ནི། །ཕྱི་ནང་གསུང་རབ་ཆུ་ཁུར་དཔལ་གྱི་འབྱོར།། ལེགས་བཤད་དབྱར་སྐྱེས་གད་མོས་ས་གསུམ་འགེངས། །ཕན་བདེའི་ཆར་འབེབས་འཇམ་དབྱངས་མཆོག་ཏུ་རྒྱལ། །རང་ཉིད་མཆོག་ཏུ་རློམ་པའི་ང་རོ་ ཡིས༑ ༑བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང༌། །སྒྲོ་བསྐུར་མེད་པར་རང་གི་ངང་ཚུལ་རྣམས། །འཁོར་དུ་སྒྲོགས་པ་སངས་རྒྱས་ཚུལ་ལུགས་ཡིན། ཁྱད་པར་མཁས་ཤིང་གྲུབ་པ་ལྷུར་ལེན་པའི། །དད་ལྡན་སློབ་མ་མང་པོས་མགྲིན་གཅིག་ཏུ། །གཞན་གྱིས་སྦྱར་ལ་སྒྲོ་འདོགས་སྐུར་འདེབས་དང༌། །བསྟོད་མི་ཤེས་ཀྱིས་བསྟོད་སོགས་སྐྱོན་འབྱུང་བས། །ཆོས་རྗེ་ཡབ་སྲས་གསུམ་པོའི་རྣམ་ཐར་བཞིན༑ ༑ཆད་ལྷག་ནོར་བས་དབེན་ཞིང་སྦྱར་ལེགས་པར། །རང་གིས་ངང་ཚུལ་