R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 52
[A:52]བསྟན་པའི་སྒྲོན་མེ་སྐྱེ་རྒུའི་དཔལ་དུ་འབར་གྱུར་ཅིག།ཅེས་པ་སྟག་ཚང་གི་ལོ་ཙཱ་བ་དགེ་སློང་ཆོས་སྨྲ་བ། ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ལ། རང་གི་སློབ་མ་དབུས་གཙང་དུ་སྟོན་གྲགས་ཐོན་ཞིང༌། ཐུགས་བསྐྱེད་ཤིན་ཏུ་བཟང་བས། འཆད་ཉན་གྱི་ཚེ་གྲྭ་པ་མཁས་པ་མང་པོ་འཐོན་ཞིང༌། ཉམས་ལེན་གྱི་ཚེ་བླུན་རྨོངས་མགོན་མེད་མང་པོ་སྨྱུང་གནས་སོགས་ལ་ལེགས་པར་འགོད་པའི་ཐུགས་ཅན། མཁས་མཆོག་སྐྱེས་མཆོག་དཔལ་བཟང་དང༌། མདོ་སྔགས་མཐའ་དག་ལ་ཉམས་རྟོགས་ཕུལ་དུ་བྱུང་ཡང་ངོམས་པ་མེད་པར་ཐོས་བསམ་སྒོམ་པས་དུས་འདའ་ཞིང༌། གཞན་དོན་ཕུན་ཚོགས་མངའ་བ། འཕགས་པ་མགོན་པོ་བཟང་དང༌། རིགས་གནས་ཀུན་ལ་བློ་གྲོས་ཐོགས་པ་མེད་པས། མཁས་བཙུན་བཟང་གསུམ་འཛོམས་པ། བྲག་ནག་དཀའ་བཅུ་པ་ནམ་མཁའ་རྒྱལ་མཚན་པ་དང༌། ཤངས་ཆོས་མཐར་ཕྱིན་ནས། མདོ་སྔགས་སྤྱི་དང་ཁྱད་པར་སྒྲ་དུས་ལ་སྦྱངས་ཤིང༌། རྣམ་ཐར་འཛིན་འདོད་གཙོ་བོར་ཡོད་པ། འཇག་པ་དགེ་སློང་ཀུན་དགའ་འོད་ཟེར་རྣམས་ཀྱིས། ཡུན་རིང་པོ་ནས་ཡང་ཡང་བསྐུལ་ཞིང། ཁྱད་པར་མནྚལ་ཕུལ་ནས་དད་ཅིང་ནན་གྱིས་བསྐུལ་བ་དང་གཞན་ཡང་དོན་གཉེར་བ་མང་པོ་དང༌། ཁྱད་པར་རྒྱལ་བ་བཟང་པོ་དབོན་ཤྲཱི་དང༌། ཧུ་ཤྲཱྀ་ཆེན་པོའི་རིགས་བརྒྱུད་དྲི་མ་མེད་པ། བླ་མ་དང་བསྟན་པ་རིན་པོ་ཆེ་ལ་མཆོག་ཏུ་དད་ཅིང༌༑ གཏོང་ཕོད་དང་ལྡན་པ། འཚར་རབ་འབྱོར་ནང་སོ་རྒྱ་སོག་རིན་ཆེན་པས། སྟོན་ཆོས་བཏེགས་ཏེ། ཞུ་རྟེན་འབུལ་བ་དང་བཅས་ནས་བསྐུལ་བའི་ངོར། རྣམ་འགྱུར་ཞེས་བྱ་བ་ལྕག་ཕོ་སྟག་ཧོར་ཟླ་དགུ་པ་ཐ་སྐར་གྱི་ཟླ་བའི་ཡར་ངོའི་ཚེས་བཞི་ལ་སྦྱར་བ་རེ་ཞིག་རྫོགས་སོ།། །།སརྦ་བྷ་ཝནྟུ།།