[A:༥༠]ཆེ་ལང་ཙམ་ཞིག་བརྗོད་ན་ཡུམ་རྒྱས་པ་ཁ་ཡར་བ་མ་ཡིན་པའི་ཚང་ངེས་པ་ལྔ་བཅུ་ང་གཅིག །ཉི་ཁྲི་བརྒྱ་ལྔ་བཅུ་ང་མདུན། དཀོན་མཆོག་བརྩེགས་པ་སུམ་ཅུ་སོ་གཅིག །གསེར་གྱི་བརྒྱད་སྟོང་པ་དགུ། སྣག་ཚའི་བརྒྱད་སྟོང་པ་ལྔ་བཅུ་ང་ལྔ། རིན་པོ་ཆེའི་འཇམ་སྡུད་བརྒྱ་དང་ལྔ་བཅུ་ང་དགུ། གཟུངས་འབུམ་དང༌། ཁྲི་བརྒྱད་སྟོང་པ་དང༌། ཁྲི་པ་དང༌། ཏོག་གཟུངས་དང༌། ལུགས་སྐུ་དང༌། གདུང་རྟེན་ལ་སོགས་པའི་རྟེན་དུ་མ་དང༌། རྟ༡༡༢། འབྲི་གནག་
བོང་བུ་བ་གླང་སྡོམ་པ་
༢༣༨དང༌། གཟི་གཡུ་༧༧དང༌། གོ་ཁྲབ་༣༡དང༌། སྣམ་༡༣༡གོས་དང༌། དར་ཡུག་
ཟབ་༡༠༣དང༌། ཚོས་བུར་དང༌། ཤ་མར་དང༌། ཚྭ་བལ་དང་དེ་ལ་སོགས་པ་བསྔོ་ཡིས་མི་ལང་བས་བསྙེན་བཀུར་ཏེ་མཉེས་པར་བྱས་སོ། །དེ་ལྟར་འབུལ་སྟོན་བུ་རམ་དང་མར་ལ་གསེར་སྲང་བརྒྱ་བདུན་ཅུ་ལྷག་ཅིག །ཤ་ཁོག་པ་ཕྱེད་དང་ཉིས་སྟོང་ལྷག་ཅིག །ནས་སྔ་ཕྱི་ལ་ཁྲི་ཚོ་གཅིག་དང་སྟོང་ཚོ་བདུན་ཙམ་བལ་ཊང་སྟོང་དགུ་བརྒྱ་གཞན་ཡང་འཕྲལ་གྱི་ཐབ་ཀ་ལ་ཟད་པ་རྣམས་རྩི་མ་ཤེས་ནས་མ་བསྔོས་ཏེ།
ཆེན་པོ་བྱས་པའི་ཉིན་པར་བྱ་བ་ཆེས་པའི་སྟོབས་ཀྱིས་ཉི་མ་གཉིས་དགོས་སོ་ཞེས་ཕལ་ཆེར་ཟེར་བ་ལ་འཇིག་རྟེན་པ་ཐམས་ཅད་ཐུན་མོང་དུ་ཉི་མ་ཤིན་ཏུ་རིང་བར་གྱུར་ཏེ། ཉི་མ་གཉིས་མཐུད་པ་བས་ཀྱང་རིང་བར་གྱུར་ནས་བྱ་བ་ཐམས་ཅད་ཉི་མ་ཕྱེད་ཅུང་ཡོལ་བ་ལ་རྫོགས་ཏེ། དེ་ནས་ཉི་མ་གཅིག་གི་ཡུན་པས་རིང་པར་གྱུར་ནས་འཇིག་རྟེན་པ་ཐམས་ཅད་ངོ་མཚར་སྐྱེས་སོ། །ལག་ལེན་བྱེད་པ་རྣམས་ཀྱང་ངོ་མཚར་བས་གུས་པ་ཡང་སྐྱེས་སོ། །མདོར་ན་འདིའི་རྣམ་པར་ཐར་པ་ལ། ཚོགས་པ་ཐམས་ཅད་ཁ་མཐུན་པར་དུས་གསུམ་ཁེགས་སོ་ཞེས་ཟེར་བ་སྣང་མོད། མ་འོངས་པ་ན་ཅི་འབྱུང་སུས་ཤེས། འདས་པ་དང་ད་ལྟར་བ་ལ་ཆོས་ཀྱི་འཁོར་ལོ་འདི་བས་ཆེ་བ་ལྟ་ཞོག །མཉམ་པའམ་མཉམ་དུ་ཆ་བ་ཡང་མ་བྱས་པར་དཔྱོད་པ་དང་ལྡན་པ་ཐམས་ཅད་ཀྱིས་ཤེས་པར་གསལ་ལོ། །སྐུ་ཚད་ཀྱི་གསེར་སྐུ་གསེར་སྲང་བརྒྱ་ཉི་ཤུ་ཙམ་གྱིས་བསྒྲུབས་པ་དང༌།
དེ་ལྟ་ན་ཡང་དཔལ་ས་སྐྱ་པ་འཁོར་དང་བཅས་པའི་ཚེ་རབས་འདི་དང་ཕ་རོལ་གྱི་ཕུན་