R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • ཤོག་ལྷེ། (མ་དཔེ། A): ༣༩
[A:༣༩]བརྩེགས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་བཤད་སྲོལ་ཉམས་སུ་བླངས་པ་དང་བཅས་པ་གསན། ཡང་པཎྜི་ཏ་ཛ་ཡ་སེ་ན་ཞེས་བྱ་བ་ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་དེ་ལས། སྒྲའི་གནས་ཅུང་ཟད་ཅིག་དང༌། མཁའ་འགྲོ་རྒྱ་མཚོ་རྩ་འགྲེལ་དང༌། སྡོམ་འབྱུང་ཡན་ལག་དང་བཅས་པ་དང༌། སྒྲུབ་ཐབས་ཟབ་མོ་ཉེ་བར་མཁོ་བའི་མན་ངག་དུ་མ་གསན་ནོ། །
སུ་ཆུད་ཅིང་འདྲིས་པར་མཛད་དོ། །ཡང་གཤིན་རྗེའི་གཤེད་རྒྱུད་གསུམ་ཡན་ལག་དང་བཅས་པ་མན་
ཡང་སློབ་དཔོན་ཞང་ཆུང་ལོ་ཙཱ་བ་ཞེས་བྱ་བ་ལས། རྗེ་བཙུན་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ནོས་ནས། རྡོ་རྗེ་འཇིགས་བྱེད་དང་གཤིན་རྗེ་གཤེད་ཀྱི་རྒྱུད་མན་ངག་དང་བཅས་པ་གསན། ཡང་རྒྱ་གར་གྱི་རྣལ་འབྱོར་པ་ཨ་བ་དྷཱུ་ཏཱི་པ་ཞིག་ལའང་གཤིན་རྗེའི་གཤེད་ཀྱི་མན་ངག་དང་གཞན་ཡང་ཉེ་བར་མཁོ་བ་མང་དུ་གསན།
ངག་གི་གནད་དུ་མ་དང་བཅས་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གི་རྩིས་མན་ངག་དང་བཅས་པ་དང༌། མཚན་ཡང་དག་པར་བརྗོད་པ་འགྲེལ་པ་གསུམ་ཡན་ལག་དང་བཅས་པ་དང༌། དེ་དག་གི་མན་ངག་གི་ཕྱོགས་མཐའ་དག་དང་བཅས་པ་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་རྣལ་འབྱོར་གྱི་རྒྱུད་
དགེ་བའི་བཤེས་གཉེན་གཉག་ཅེས་བྱ་བ་ལས་
འཕགས་པ་དེ་ཁོ་ན་ཉིད་བསྡུས་པ། འགྲེལ་པ་དེ་ཉིད་སྣང་བ་དང་བཅས་པ་དང༌། རྡོ་རྗེ་རྩེ་མོ་དང༌། དཔལ་མཆོག་དང་པོ་དང༌། ངན་སོང་སྦྱོང་རྒྱུད་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཡན་ལག་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་སྤྱོད་པའི་རྒྱུད་ལ། མི་གཡོ་བ་རྟོག་པ་ཆེན་པོ་ལ་སོགས་པ་མང་པོ་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་བྱ་བའི་རྒྱུད་ལ་གསང་བ་སྤྱི་རྒྱུད་དང༌། དཔུང་པ་བཟང་པོ་
དེ་དག་ཀྱང་བླ་མ་ས་སྐྱ་པ་ཆེན་པོ་དངོས་ལས་རྒྱུད་དང༌། གདམས་ངག་གི་