[A:༡༩༤བ]དག་མ་ཚང་བ་མེད་པར་དགྱེས་བཞིན་དུ་སྩལ་པ་ཡིན་ཏེ། དེ་ཡང་བླ་མ་བདག་ཉིད་ཆེན་པོ་འདི་འཕགས་པ་རིན་པོ་ཆེ་དང་ཡུམ་མི་གཅིག་པའི་མཆེད་ཟླ། སློབ་དཔོན་རིན་ཆེན་རྒྱལ་མཚན་དང་ཡེ་ཤེས་འབྱུང་གནས་གཉིས་བྱུང་བའི། ཕྱི་མའི་སྲས་སུ་ཆུ་ཕོ་ཁྱི་ལ་བོ་དོང་ཨེ་རུ་འཁྲུངས། གདན་སའི་གསེར་ཏོག་ཆེན་མོ་བཞེངས་ལོ་དང་གཅིག འདིའི་དགུང་ལོ་བཅུ་དྲུག་པའི་ཚེ་འཕགས་པ་རིན་པོ་ཆེ་ས་སྐྱར་ཕེབས་དབང་བཤད་མང་དུ་གནང་། ལན་ཅིག་འདི་ལ་ཡུན་རིང་དུ་གཟིགས་ནས། མགོ་རེས་པུས་མོ་ལ་བབ་པའང་སྲིད། ཡོན་ཏན་འབུང་ལས་སློབས། ཕྱག་ནའི་རི་རྒྱུད་ཡིན་ཟེར་བ་གཉིས་ལས་མི་འདུག ཡེ་འབྱུང་གི་རི་རྒྱུད་ཡིན་ཟེར་བ་མང་དུ་འདུག་པ་རྨིས་གསུང་བའི་ལུང་བསྟན་སྩལ། དེ་ལྟར་འདི་བགྲེས་ཀྱང་ཕ་སྤུན་མཉམ་པོ་ལ་ཡུམ་བཟང་ངན་དང་། གྲགས་ཆེ་ཆུང་གིས་ཕྱག་ནའི་སྲས་དྷརྨཱ་ཕ་ལ་གདན་སར་བསྐོས་འདི་རང་ཀ་བའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གཅིག་པ་ལ་མི་ཆེན་