R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༢༠༥བ
[A:༢༠༥བ]ཡང་ཞབས་སྐོར་མཛད་པའི་ཚུལ་སྟོན་པ་ཡིན་ཞེས་རྗེ་བླ་མ་རྣམས་ཡང་ཡང་གསུང་ངོ་། །ཕྱིས་རྡོ་རིང་རིན་པོ་ཆེ་གཤེགས་པའི་སྤུར་གྱི་ཕྱག་ཕྱི་མཛད་པའི་ཚེ། བཞུགས་གདན་གྱི་ཁ་ན་བྱང་སེམས་དཀར་པོ་མཐེབ་སྐོར་གྱི་རྒྱ་ཙམ་ཞིག་བྱུང་བ་དེ་ཞལ་དུ་ལྷག་མ་ལུས་པ་གསོལ་བས་རྒྱུད་པ་ཟིན་པའི་རྟེན་འབྲེལ་འགྲིག དིང་སང་ཁའུ་པ་ཞེས་གྲགས་པའི་སྙན་བརྒྱུད་ཟབ་མོའི་བསྟན་པའི་རྒྱུན་འདི་རྗེ་འདི་ཉིད་ཁོ་ནའི་བཀའ་དྲིན་ཡིན། ཡིག་ཆ་མཛད་ཚུལ་ནི་མེ་འབར་མའི་དཀར་ཆག་ཆུང་ངུ་སོགས་དཀར་ཆག་ཚོ་ལྔ ཁྲོ་བཅུའི་རྗེས་གནང་། ལྷ་བརྒྱད་ཀྱི་རྗེས་གནང་། གཏོར་བསྔོའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ། གཏོར་མ་གསུམ་གྱི་རྣམ་བཤད། ལྷན་ཐབས་དངོས་གྲུབ་རོལ་མཚོ། གཏོར་བཟློག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ་སོགས་ཡིག་སྣ་ཀུན་དྲིལ་བཞི་བཅུ་ཞེ་གྲངས་ཙམ་མཛད་ཡོད་ཅེས་བླ་མ་དག་གསུང་། འདི་དག་ཐམས་ཅད་སྙན་བརྒྱུད་