R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༣༣བ
[A:༣༣བ] སླེབས་ནས་གཉིད་སད་བྱུང་གསུངས། ཡང་ཡོས་ལོ་རྗེ་ཉིད་ས་སྐྱ་པ་ཆེན་པོའི་སྒྲུབ་གནས་སྐུ་འབུམ་རྣམ་རྒྱལ་ན་བཞུགས་དུས་སྐུ་ཁམས་བསྙེལ་བ་ཤིན་ཏུ་ཐུ་བའི་རྣམ་པ་བསྟན། རླུང་ལྟས་ཀྱང་བཟང་པོ་མི་འདུག་གསུངས་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར་པ་ན། ནུབ་གཅིག་གི་ཚེ་མནལ་ལམ་དུ་རྗེ་ཉིད་རིན་པོ་ཆེའི་ཁྲི་གཅིག་གི་སྟེང་ན་བཞུགས་ནས་འདུག་པ་ལ། ཟུར་བཞི་ནས་མཁའ་འགྲོ་མ་བཞིས་བཏེག དཔའ་བོ་དང་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསུ་བ་བྱས་ནས་ནམ་མཁའ་ལ་གདན་དྲངས་པས་འོག་ཕྱོགས་སུ་གཟིགས་པ་ན། དབུས་གཙང་གི་ཆ་སོགས་ལས་བརྒལ་ནས། སྔར་གཟིགས་མ་མྱོང་བའི་ཞིང་ཁམས་གཅིག་གི་སྟེང་ན་ཕེབས་འདུག་པས། ད་ས་སྐྱ་པ་ཇི་ཙམ་ན་ཡོད་གསུངས་པས། ཤིན་ཏུ་ཐག་རིང་ཟེར། འོ་ན་དེར་འགྲོ་དགོས་པ་ཡོད་མ་རྒན་མོ་དྲིན་ཅན་ཞིག་ཡོད་པས། དེ་དང་མ་འཕྲད་པར་འགྲོ་བའི་ཐབས་མེད་གསུངས་པས། དེའི་མོད་ལ་བྲམ་ཟེའི་གཟུགས་ཅན་མདོག་