R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༢༠༤བ
[A:༢༠༤བ] མི་གནོད་པ་ཡིན་ཞེས་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། བདག་གི་རྗེ་བླ་མ་རྣམས་ཡང་ཡང་དུ་བཀའ་སྩོལ་བ་ཞིག་འདུག་པས། ཞལ་གདམས་འདི་ནི་སྙིང་གི་དཀྱིལ་དུ་བཅང་བར་བྱའོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་དྲི་བ་ལྷག་བསམ་རབ་དཀར་ལས། ནང་སྒྲུབ་སྐབས་སུ་གོང་མའི་ཐོ་ཡིག་ལས། །རྡོ་རྗེ་གུར་དང་ལས་གསང་གིས་བསྟན་ཞེས། །འབྱུང་བ་དེ་གཉིས་དག་ལས་ཇི་སྐད་བཤད། །ལྷག་པར་ཕྱི་མའི་ངོས་འཛིན་ཇི་ལྟར་ལགས། །རྩ་གསུམ་ལ་བརྟེན་ནང་གི་བསྒྲུབ་པའི་སྐབས། །ཁ་
རྗེ་ཀུན་དགའ་གྲོལ་མཆོག
ཅིག་ལས་སྦྱོར་སྐབས་སུ་ཐོར་བུ་ལས། །འཆད་པ་ལས་གཞན་ཁྲིད་རིམ་མེད་ཅེས་གླེང་། །དེས་ན་ཡར་ལུང་ཁྲིད་ཡིག་དག་མིན་ནམ། །ཞེས་དང་། ནང་སྒྲུབ་འདི་ཀ་གསང་སྒྲུབ་ཡིན་པའམ། །གསང་སྒྲུབ་ཅེས་བྱ་ཟུར་ན་ཡོད་པ་ཡིན། །དང་པོ་ལྟར་ན་སོ་སོར་དབྱེ་བ་ཅི། །ཕྱི་མ་ལྟར་ན་ངོས་འཛིན་ཅི་ལ་བྱེད། །འདི་ཡི་ཐུན་མོང་མ་ཡིན་ལས་སྦྱོར་སྐབས། །རང་དང་བསྒྲུབ་བྱའི་རྩ་ལ་ལྷ་