R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༢༩
[A:༡༢༩]ལའོ།།
།།ཡང༌། ཤིན་ཏུ་གཅེས་པའི་མན་ངག་ལམ་འབྲས་གླེགས་བམ་དུ་གྲགས་པ་རྗེ་བཙུན་ཆེན་པོའི་དཀར་ཆག་གི་ལུགས་བཞིན་ཚང་མར་ཐོབ་པའི་བརྒྱུད་པ་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །ཡང༌། གཤེད་དམར་ལྷ་ལྔའི་རྫོགས་རིམ་དཔལ་བིརྺ་པའི་ལུགས་ཀྱི་ཉམས་ཁྲིད་ཡོངས་སུ་རྫོགས་པ་དང༌། བདག་བྱིན་གྱིས་བརླབས་པའི་རིམ་པ་འོད་གསལ་འཆར་བའི་བྱིན་བརླབས། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་གྱི་བྱིན་བརླབས་རྣམས་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡིག་ཆའི་སྟེངས་ནས་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས། གཤིན་རྗེ་གཤེད། བིརྺ་པ། ཌོཾ་བྷི་བ། བྲམ་ཟེ་དཔལ་འཛིན། མ་ཏི་པ། དརྤན་ཨཱ་ཙརྻ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྲས་མཆོག་ས་པ། མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཆོས་རྗེ་བླ་མ། ཐེག་ཆེན་ཆོས་ཀྱི་རྒྱལ་པོཏའི་གུ་ཤྲཱི་ཡོན་ཏན་རྒྱ་མཚོབྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།།
༈ །།ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་གྱི་ལུང་ཐོབ་སྟེ། བརྟག་པ་གཉིས་པའི་ཊཱི་ཀ་དག་ལྡན་སྙེ་མ། དེའི་ཟུར་འདེབས་དཀའ་འགྲེལ་སྙེ་མ། བརྟག་གཉིས་ལེའུ་གསུམ་པ་ནས་གསུངས་པའི་ཧེ་རུ་ཀ་གསུམ་གྱི་སྒྲུབ་ཐབས། མཚོ་སྐྱེས་རྡོ་རྗེའི་རྗེས་སུ་འབྲངས་པའི་ཀྱེ་རྡོ་རྗེའི་མངོན་རྟོགས་ཟུང་འཇུག་རྣམ་རོལ། ཀྱེ་རྡོ་རྗེ་རྒྱུད་ལུགས་ཀྱི་མངོན་རྟོག་ཡན་ལག་དྲུག་པ། ཌོཾ་བྷི་བའི་རྗེས་སུ་འབྲངས་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཀྱེ་རྡོ་རྗེ་རྣམ་པར་རོལ་པ་བུམ་ཆོག རྡོ་རྗེ་གུར་གྱི་བུམ་པ་ལྷག་པར་གནས་པའི་ཆོ་ག རྡོ་རྗེ་གུར་གྱི་སྦྱིན་བསྲེག་གི་ཆོ་ག་ཡེ་ཤེས་མེ་དཔུང་རྣམ་པར་རོལ་པ། ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་པ་ལེན་པའི་ལག་ལེན་བདུད་རྩི་