R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A):
[A:༨]ངག་གི་མཛོད། ལུས་དཀྱིལ་གྱི་དབང་ཆོག་རྣམས་དཔལ་ལྡན་བླ་མ་དམ་པས་མཛད་པ། ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་ལེན་པའི་ཚུལ་ཆོས་རྗེ་ཐེག་ཆེན་པས་མཛད་པ། ལམ་འབྲས་ཀྱི་ཟིན་བྲིས་བར་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། Lamdre 'khrid Transmissionརྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང༌། དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ། མཐུ་སྟོབས་ཀྱི་དབང་ཕྱུག་མགོན་པོ་ཤྲཱི་བི་རུ་པ། ཤར་ཕྱོགས་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། པཎ་ཆེན་གཱ་ཡ་དྷ་ར། སྒྲ་སྒྱུར་བླ་ཆེན་འབྲོག སེ་སྟོན་ཀུན་རིག ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྣལ་འབྱོར་དབང་ཕྱུག་གྲགས་པ་རྒྱལ་མཚན། གནས་ལྔ་ཡོངས་སུ་རྫོགས་པའི་པཎ་ཆེན། འགྲོ་མགོན་ཆོས་ཀྱི་རྒྱལ་པོ། ཞང་དཀོན་མཆོག་དཔལ། ནམ་བཟའ་བྲག་ཕུག་པ། ཡང༌། ས་སྐྱ་པཎ་ཆེན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ནམ་བཟའ་བྲག་ཕུག་པ་བསོད་ནམས་དཔལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ལ་ས་བཟངས་མ་ཏི་པཎ་ཆེན་དང༌། ས་སྐྱ་བུ་སྟོན་དབང་ཕྱུག་དར། དེ་གཉིས་ཀ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཕ་ཆོས་ཀྱི་རྗེ། དེ་ལ་བདག་གིས་ཞུས་སོ། །ཡང༌། ཐེག་ཆེན་པ་ལ་མཁན་ཆེན་དཔལ་འབྱོར་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌།
ལམ་སྐོར།
རྡོ་རྗེ་འཆང༌། བི་ལ་ས་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྟྲ་བྷོ་ཏི། ལྕམ་ལཀྵྨི་ཀ་ར། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར་མན་ཆད་ལམ་འབྲས་དང་འདྲ་བ་ནི། མཚོ་སྐྱེས་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དང༌། དེའི་རྫོགས་རིམ་གྱི་མན་ངག་པདྨ་བའི་ལམ་བསྙེན་བསྒྲུབ་བཞི་ཟབ་པའི་ཚུལ་དགུས་བསྐྱེད་པ་རྩ་བ་དང་དེའི་འགྲེལ་པ་རྗེ་བཙུན་ཆེན་པོས་མཛད་པ། ཡང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་