R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༤༢
[A:༡༤༢]གསན། དེ་ནས་གཉོས་གཟི་བརྗིད་རྒྱལ་པོ། བླ་མ་མགོན་པོ་རིན་ཆེན། གཉན་སྟོན་ཀུན་དགའ་དར། འགྲོ་མགོན་ཤཱཀྱ་བཟང་པོ། རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན། དཔལ་བྱམས་པ་གླིང་པ་ཆེན་པོ། བདག་གོ། ༈ །།རྡོ་རྗེ་འཇིགས་བྱེད་ལྷ་དགུ་པ་རོ་ལངས་བརྒྱད་བསྐོར་དུ་གྲགས་པའི་དབང༌། བསྒྲུབ་དཀྱིལ་བྱམས་པ་གླིང་པས་མཛད་པའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པད་མ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། ཀློག་ཀྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ་བཟང༌། ཤར་པ་ཡེ་ཤེས་རྒྱལ་མཚན། ངོར་པ་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། བདག་གོ། ༈ །།རྡོ་རྗེ་འཇིགས་བྱེད་དོན་ཡོད་རྡོ་རྗེའི་ལུགས་གཤིན་རྗེ་ཕོ་མོ་བརྒྱད་ཀྱིས་བསྐོར་བ་ལྷ་བཅུ་བདུན་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཛྙཱ་ན་ཌཱ་ཀི་ནི། ལ་ལི་ཏ་བཛྲ། མཉྫུ་ཤྲཱི་མི་དྲ། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་འོད་འབྱུང༌། སྲས་ཛ་མེ། གཅུང་སད་དེ། སྐྱོ་ཇོ་སྲས་ཁམས་པ། གཉན་རིན་ཆེན་བརྟན་པ། གཉན་འོད་བསྲུངས། འཕགས་པ་རིན་པོ་ཆེ། ལོ་ཙཱ་བ་མཆོག་ལྡན། དཔལ་ལྡན་སེང་གེ ཆོས་ཀྱི་གྲགས་པ། ས་བཟངས་མ་ཏི་པཎ་ཆེན། ས་བཟངས་འཕགས་པ། ནམ་མཁའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།རྣལ་འབྱོར་རྒྱུད་ཀྱི་བསྐོར་ལས། དེ་ཁོ་ན་ཉིད་འདུས་པའི་