R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༤༣
[A:༡༤༣]འགྲེལ་ཆེན་དེ་ཉིད་སྣང་བའི་སྟོད་འགྲེལ་དང༌། དཀྱིལ་ཆོག་རྡོ་རྗེ་འབྱུང་བ། སྒྲུབ་ཐབས་སེམས་དཔའ་འབྱུང་ཆེན། སེམས་དཔའ་འབྱུང་བ་ཆུང་བ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ལོངས་སྐུ་རྣམ་སྣང༌། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། ཕྱག་རྡོར། རབ་གསལ་ཟླ་བ། རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། དྷརྨཱ་པཱ་ལ། ལོ་ཆེན། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་ཉི། གནུར་ཉི། བཛྲ་སིངྷ༌། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། གནུར་ཡེ་རྒྱལ། གནུར་ཆོས་རྒྱལ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། རིན་པོ་ཆེ་དབང་རྣོན་པ། སློབ་དཔོན་ཙཎྜ་ཤྲཱི། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ། དེས་བདག་ལའོ།
འདི་དག་སྟོད་ལུགས་སུ་གྲགས་ལ
། ༈ །ཡང་ན། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་ཧ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲ་ཛྙཱ་སིདྡྷི་དང་བཞིས་ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོདྡྷི། མུག་ཏི་ཀོ་ཥ། སངས་རྒྱས་ཞི་བ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུ་སྟོན། རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང༌། ལྕེ་ཇོ་མདོ་དང༌། ཆོས་སྐུ་འོད་ཟེར། འཕགས་འོད་སོགས་སོ། །ཡང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྟྲ་བོདྡྷི་ཆེ་བ། བར་པ། ཆུང་བ། ཀླུ་སྒྲུབ། ཀླུ་བྱང༌། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། རབ་ཞི་བཤེས་གཉེན། དེ་ལ་ཤྲདྡྷ་ཀ་ར་དང༌། པདྨ་ཀ་ར། དྷརྨཱ་ཀ་ར་གསུམ་གྱིས་གསན། བར་པ་ལ། ལོ་ཆེན། ལོ་ཆུང༌། ཟངས་དཀར། ཀློག་ཀྱ་སེང་རྒྱལ། དེ་ལ་ལྕང་ཚང་སྟོན་ཚེ་དང༌། ཇོ་ཤེ་གཉིས་ཀས་གསན། དེ་གཉིས་ཀ་ལ་རྩངས་ལྷ་སྟེངས་པས་གསན། དེ་ལ་