R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༤༥
[A:༡༤༥]བོདྡྷི། མུ་ཏི་ཀོ་ཥ། ཤྲདྡྷ་ཀ་ར་མན་སྔར་བཞིན་ནོ།། ༈ །།དེ་ཉིད་འདུས་པའི་འགྲེལ་པ་ཨ་ཝ་ཏ་རའི་བརྒྱུད་པ་ནི། ས་ཆེན། བཤེན་རྡོར་སེང༌། དབུས་པ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། དཔལ་འབྱོར་བཟང་པོ། རྩ་སྐྱ་ཁྲི་བརྟན། གནུར་ཡེ་རྒྱལ། གནུར་ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ཁྱུང་པོ་ལྷ་པ།
རཏྣ་ཤྲཱི་དང་གཅིག
དཔལ་མི་བསྐྱོད་རྡོ་རྗེ། ཙནྡྲ་ཤྲཱི་སོགས་སྔར་བཞིན་ནོ། །ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ལུང་གི་བརྒྱུད་པ་ནི། གནུར་ཆོས་རྒྱལ་ཡན་རྡོ་རྗེ་འབྱུང་བ་དང་འདྲ་བ་ལས། དེ་ནས་རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན། དབང་རྣོན་པ། ཙནྡྲ་ཤྲཱི། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།།
འདིའི་བརྒྱུད་པ་ནི་གནུར་པའི་བརྒྱུད་ཡིག་འགའ་རེ་ལ་ཚུལ་གཅིག་པར་སྣང་བས་བརྟག་གསུང་ངོ༌
།། ༈ །།ཀུན་དགའ་སྙིང་པོས་མཛད་པའི་སྤྱན་དབྱེའི་ཆོ་ག་དང༌། ཡང་རབ་ཏུ་གནས་པའི་ཆོ་ག སྦྱིན་བསྲེག་ཀུན་བཟངས། པྲ་ཛྙཱ་ཝ་ལི་ཏས་མཛད་པའི་སྤྱན་དབྱེའི་ཆོ་ག ཡེ་ཤེས་རྡོ་རྗེས་མཛད་པའི་ཐུགས་རྗེ་འབྱུང་བའི་སྒོམ་བཟླས། རབ་འབྱོར་སྐྱངས་ཀྱི་མཛད་པའི་སྦྱིན་བསྲེག་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀོ་ཥ། ཤྲཱདྡྷ་ཀ་ར། ལོ་ཆེན། སྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུ་སྟོན་འབར་ཐོག རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང༌། ལྕེ་ཇོ་མདོ། བླ་མ་ཆོས་འོད། ལྕེ་བློ་ལྡན་སེང་གེ འཕགས་འོད། བུ་སྟོན། རཏྣ་ཤྲཱི། ཙནྟྲ་པ། ཡེ་ཤེས་རྒྱ་མཚོ། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། ངན་སོང་ཡོངས་སུ་སྦྱོང་བ་གཙུག་ཏོར་དགུ་པའི་དཀྱིལ་ཆོག་ཀུན་སྙིང་གི་མཛད་པ་ཐོས་པའི་སྨད་ལུགས་