R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༦༤
[A:༡༦༤]རྒྱུད་ལས་གསུངས་པའི་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མནུར་ལུགས་ཀྱི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། ར་ཧཱུ་ལ་བྷ་དྲ། ཨཱ་ནནྡ་གརྦྷ། པྲ་ཛྙཱ་བ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། དི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། གོ་བི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། སྲས་རྡོ་རྗེ་སེང་གེ གནུར་བྱང་ཆུབ་འོད་ཟེར། གནུར་ཉི་མ་རྒྱལ་མཚན། གནུར་ཡེ་ཤེས་རྒྱལ་མཚན། གནུར་ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། བུ་སྟོན་ཆོས་ཀྱི་རྗེ། ཐུགས་སྲས་རིན་རྣམ་པ། གྲགས་པ་རྒྱལ་མཚན་པ། མཁྱེན་བརྩེའི་དབང་ཕྱུག་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། ༈ །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་བརྟག་པ་ཕྱོགས་གཅིག་པ་ལས་གསུངས་པའི། ཤཱཀྱ་སེང་གེའི་དཀྱིལ་འཁོར་རྩ་བའི་ལྷ་སུམ་ཅུ་སོ་བདུན་རྡོ་རྗེ་རིགས་དབང་ཡོངས་སུ་རྫོགས་པ་ཐོབ་པའི་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། ཛྙཱ་ན་བཛྲ། ཨཱ་ནནྡ་གརྦྷ། པྲ་ཛྙཱ་བ་ལི་ཏ། གོ་མི་ཨུ་པ་སི་ཀ་ཤཱཀྱ་ཛྙཱ་ན།
དགེ་བསྙེན
། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། གཏུམ་སྟོན་གྲགས་པ། རྩ་སྐྱ། གཉམ་གད་པ་ཆེན་པོ། མཁས་པ་ཁྲི་བརྟན། སྲས་བསོད་བཟངས། དེ་གཉིས་ཀ་ལ་གསལ་བ་པ་བློ་གྲོས་དཔལ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་ཆོས་རྗེ། ལོ་ཙཱ་བ་རིན་རྣམ་པ། གྲགས་པ་རྒྱལ་མཚན་པ། རྗེ་བཙུན་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། ༈ །ཡང་ན། གནུར་ཉི་མ་འོད་ཟེར་ནས། སྟག་ཚལ་གདོང་སྔོན་གྱི་སྤྲུ་སྟོན་འབར་ཐོག གཙང་རོང་སྨད་ཀྱི་རྩངས་ཡང་དག་རྡོ་རྗེ། དེའི་སྲས་སྨྲ་