R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༦༧
[A:༡༦༧]ཤྲཱིཿ་
མྱ་ངན་མེད་པའི་དཔལ
། ལ་ལི་ཏ་བཛྲ།
རོལ་པའི་རྡོ་རྗེ
། ཨ་མོ་གྷ་བཛྲ།
དོན་ཡོད་རྡོ་རྗེ
། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། མཆིམས་བརྩོན་འགྲུས་སེང་གེ མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་པ་བསོད་ནམས་འཕེལ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། མཁན་ཆེན་གྲགས་པ་གཞོན་ནུ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། རྗེ་བཙུན་དམ་པ་ཡེ་ཤེས་རྒྱ་མཚོ། དེས་བདག་ལ་དགྱེས་བཞིན་དུ་གནང་བའོ། །དེ་ལྟར་དེ་དག་རྣམས་ཀྱི་བཀའ་མ་ཚང་བ་མེད་པར་ཐོབ་ནས། རྡོར་དབྱིངས་ནས་འདིའི་བར་གྱི་དཀྱིལ་ཆོག བུ་སྟོན་རིན་པོ་ཆེས་མཛད་པ་རྣམས་ཀྱི་ལུང་ཡང་ཚང་བར་ཐོབ་བོ། ༈ །ཡང༌། དམ་པ་དེའི་དྲུང་དུ། ཡོ་གའི་ཆོས་འབྱུང་གྲུ་རྫིངས་ཀྱི་ལུང་དང༌། ཡོག་ཏྲིཀ་ཡིད་བཞིན་ནོར་བུའི་ལུང་བཤད་རྒྱས་པར་ཐོབ་ཅིང༌། ཆོས་རྗེ་ཉིད་ཀྱི་མཛད་པའི་དེ་ཁོ་ན་ཉིད་བཅུའི་སྙིང་པོ་གསལ་བར་བྱེད་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བའི་སྟེང་ནས་བཤད་པ་སྤྱིས་ཕྱིན་པར་གནང་ཞིང༌། མདོར་ན་རྣལ་འབྱོར་རྒྱུད་འདི་སྐོར་གྱི་ཕྱག་ཁྲིད། གར་དབྱངས། ཐིག་ལ་སོགས་པ་མ་ཚང་བ་མེད་པར་གནང་བས། ཆོས་འདི་པ་ལ་མཁས་པ་བདག་ཅག་གྱུར་པ་ཉིད་དོ། ༈ །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང༌། བུ་སྟོན་རིན་པོ་ཆེས་མཛད་པའི་ཡི་གེའི་སྟེང་ནས། ཞི་དྲག་གཉིས་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ལྡན་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟངས་སྙིང་པོ། པཎྜི་ཏ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། བླ་མ་ཟངས་དཀར་ལོ་ཙཱ་བ། གཡོར་པོ་ཇོ་སྟོན། སྤུར་སྟོན་བསོད་ནམས་སེང་གེ འབྱིད་བུ་བ་པདྨ་བཀྲ་