R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༧༢
[A:༡༧༢]བཤད་རྒྱུད་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་གཉིས་ལས། ཐུན་མོང་མ་ཡིན་པ་ལ། དང་པོ་ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དྲུག་ཅུ་རྩ་དགུ་པ། པཎྜི་ཏ་ཀུ་མཱ་ར་དང༌། ལོ་ཙཱ་བ་མང་འོར་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བ་བཞུགས་སོ། །འདི་ལ་དངོས་སུ་དཀྱིལ་འཁོར་སུམ་ཅུ་སོ་བརྒྱད། འགྲེལ་པའང་ལྔ་བཅུ་ང་དྲུག་ཏུ་བཀྲལ་ཞིང༌། གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་དྲུག་བརྒྱ་བརྒྱད་ཅུ་རྩ་གཅིག་ཏུ་སྟོན་ནོ། །བརྒྱུད་པ་ནི། རྡོ་རྗེ་འཆང་ནས། ས་སྐྱ་པཎྜི་ཏའི་བར་རྩ་རྒྱུད་དང་འདྲ་ལ། དེ་ནས། འུ་ཡུག་པ། སངས་རྒྱས་འབུམ། དྷརྨྨ་སྲས། དྷརྨྨ་དྷྭ་ཛ། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་དང་འདྲ།། ༈ །ཁ་པ་ལ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཆེན་པོ་ལེའུ་ལྔ་བཅུ་པ། པཎྜི་ཏ་ཤྲཱི་ག་ཡ་དྷ་ར་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་བཞུགས་སོ།།
དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་སྙིང་པོ་བཏུས་པ
། འདི་ལ་དཀྱིལ་འཁོར་དྲུག་ཡོད། བརྒྱུད་པ་ནི། རཏྣ་ཤྲཱིཿ ཀ་ལྱཱ་ཎ།
དགེ་བའི་དགེ་ལེགས
། ཤཱནྟི་མ་ཏི། པ་ཏི་དེ་ཝ་ཏྲ། བྷཱུ་མི་ཤྲཱིཿ བི་མ་ལ་ཤྲཱིཿ ཤོངས་བློ་བརྟན། ལོ་མཆོག བདེ་བ་ཅན་པ་ཡེ་ཤེས་མགོན། སེང་རྒྱལ། གར་ཐིག་པ། གཉིས་ཀ་ལ་མཁན་ཆེན་ཤེས་རྡོར་མན་འདྲའོ། །མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་རྩ་གཅིག་པ། པཎྜི་ཏ་རྒྱལ་བའི་སྡེ་དང༌། ལོ་ཙཱ་བ་དྷརྨྨ་ཡོན་ཏན་གྱིས་བསྒྱུར་བ་ལས། ཕྱིས་སུམ་པ་དཔལ་མཆོག་དང་པོའི་རྡོ་རྗེས་བཀའ་དང་བསྟུན་ནས་དག་པར་བཅོས་པ། འདི་ལ་དཀྱིལ་འཁོར་བརྒྱ་དང་བཅུ་བཞིའམ། བརྒྱ་བཞི་ཅུ་རྩ་གཉིས་ཡོད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་སེམས། ཨ་བྷ་ཡཱ་ཀ་ར། རཏྣ་ཤྲཱིཿ ཛ་ཡ་སེ་ན། ལོ་ཙཱ་བ་དྷརྨྨ་ཡོན་ཏན། རྗེ་བཙུན་པ། ཆོས་རྗེ་པ། སྐྱོབ་པ་