R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༡༧༣
[A:༡༧༣]དཔལ། རྒྱལ་ཚ་སྣ་པོ་ཆེ། མཆོག་ལྡན། སངས་རྒྱས་སྲས། བླ་མ་ཡེ་མགོན་པ། བླ་མ་དར་མ་བཟང་པོ། ཤྲཱི་རི་བ་གཞོན་ནུ་རྒྱལ་མཚན། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དཔལ་སྡོམ་པ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་སུམ་ཅུ་རྩ་གསུམ་པ། པཎྜི་ཏ། པ་ར་ཧི་ཏི་བྷ་དྲ་དང༌། ལོ་ཙཱ་བ་རྒྱུས་བནྡྷེ་སྨོན་ལམ་གྲགས་ཀྱིས་བསྒྱུར་བ་ལས། ཤོངས་ལོ་ཙཱ་བ་བློ་བརྟན་གྱི་དག་པར་བཅོས་པ་འདིས་དཀྱིལ་འཁོར་ཅིག་བསྟན་ནོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ལཱུ་ཧི་པ། དཱ་རི་ཀཱ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར་པ། དཔེ་མེད་དཔལ། རཏྣ་རཀྵི་ཏ། ཆག་ལོ་ཙཱ་བ། གོ་ལུང་པ་མདོ་སྡེ་དཔལ། ཤོངས་བློ་བརྟན། ལོ་མཆོག བླ་མ་དཔལ་ལྡན་སེང་གེ གར་ཐིག་པ་ལའང་ཞུས། མཁན་ཆེན་ཤེས་རྡོར་བ་མན་འདྲ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་ཅུ་རྩ་ལྔ་པ། པཎྜི་ཏ་ཨ་དྭ་ཡ་བཛྲ་དང༌།
འདི་འོད་ཟེར་རྡོ་རྗེ
། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱི་བསྒྱུར་བ་འདི་ལ་དཀྱིལ་འཁོར་གསུམ་ཡོད་དོ། །བརྒྱུད་པ་ནི། ངེས་བརྗོད་བླ་མ་དང་འདྲའོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལེའུ་བཅུ་བདུན་པ། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ངེས་བརྗོད་བླ་མ་དང་འདྲའོ། །རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་བརྟག་པ་བདུན་པ་ལ་ཆིངས་ཡོན་ཏན་འབར་གྱི་རྒྱུད། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་ར་པ། ལཱུ་ཧི་པ། དཱ་རི་ཀ་པ། གནྡྷ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར་པ། ཀཧྣ་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས་ཅན། བར་མའི་སློབ་དཔོན། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་གྱོ་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ས་པཎ། བསོད་