R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༠༩
[A:༢༠༩]འགྱུར་ལ། བིདྡྷྱཱ་ཀ་ར་སིངྷ་དང༌། དེ་བ་ཙནྡྲས་བཅོས་པ། ཡང་ཤེས་རབ་བསྐྱེད་པའི་གཟུངས། ཐོས་པ་འཛིན་པའི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཤིང་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང༌། སངས་རྒྱས་ཀྱི་ཞིང་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་གཟུངས།
ལུང་མ་ཐོབ
། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། ཡིད་བཞིན་ནོར་བུའི་རྟོག་པ་ལས་བྱུང་བའི་སྨོན་ལམ། ཡང་རྒྱུད་གཞན་ཞིག་ནས་ཕྱུང་བའི་སྨོན་ལམ་སྔགས་དང་བཅས་པ།
འདི་ཐོབ་བམ་མ་ཐོབ་བརྟག
འདི་ག་ནས་ཕྱུང་མ་སྨོས་ཏེ། འདིའི་གཟུངས་ནི། ནཱི་ལ་ཀུཥྞུའི་གཟུངས་དང་ཕལ་ཆེར་འདྲ་བར་སྣང་ངོ༌།། ༈ །གསུམ་པ་རིགས་ཀྱི་ཡུམ་གྱི་སྐོར་ལ། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་པ་ཞེས་བྱ་བའི་གཟུངས། རྒྱུད་ལེའུ་སུམ་ཅུ་སོ་ལྔ་པ། པཎྜི་ཏ་དྷརྨྨ་ཏྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། བརྒྱུད་པ་ཀུ་རུ་ཀུལླེ་དང་མཐུན། འདི་བྱ་རྒྱུད་ཡིན་མིན་བརྟག་གོ །དེའི་ནང་ནས་ཕྱུང་བའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་ནི་རྒྱུད་དེ་ཉིད་དུ་གཏོགས་སོ། །རྗེ་བཙུན་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ཡང་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་སྒྲོལ་མའི་མཆོག་ཅེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ། འཕགས་མ་སྒྲོལ་མའི་གཟུངས། སྒྲོལ་མ་རང་གི་དམ་བཅས་པའི་གཟུངས། གྲགས་ལྡན་མའི་གཟུངས་རྣམས་སོ། །བཞི་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ལ། སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲི་བའི་གཟུངས་ཕྱིར་བཟློག་པ་འཕགས་པ་རྣམ་པར་རྒྱལ་བའི་གཟུངས། པརྞ་ཤ་བ་རིའི་མདོ། འཕགས་མ་རི་ཁྲོད་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས། དེ་གཉིས་གཞན་ནས་ཕྱུང་