R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༡༤
[A:༢༡༤]ཏ། ཆོས་རྒྱལ་འཕགས་པ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཆོས་རྗེ་གྲགས་དོན་པཆོས་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། །འཇུག་ཏུ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་ཇི་སྙེད་པ།
འདི་མ་ཐོབ
། པཎྜི་ཏ་བིདྡྷྱཱ་ཀཱ་ར་པྲ་བྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྙིང་པོ་དང༌། དཔལ་རྩེགས་ཀྱི་འགྱུར། དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམ་པར་ངེས་པ་ཆེན་པོ་དྲན་པ་ལས་ནོར་བུ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ། པཎྜི་ཏ་དྷརྨྨ་ཀཱ་ར་དང༌། ལོ་ཙཱ་བ་དཔལ་འབྱོར་གྱི་བསྒྱུར་བ་ལས། བིདྡྷྱ་ཀཱ་ར་པྲ་བྷ་དང༌། དཔལ་རྩེགས་ཀྱིས་བཅོས་པ་རྣམས་བཞུགས་སོ། །དེ་ལྟར་རྒྱུད་ཕྲན་བརྒྱུད་པ་ཕྱོགས་གཅིག་པ་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རྡོ་རྗེ་གདན་པ་ཆེ་ཆུང་གསུམ། པུཎྱ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། རྐོང་ནག་རལ་གྲི། ཇོ་གདན་ཟས་གཙང༌། གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་པ་རྡོ་རྗེ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཡང༌། རིན་ཆེན་འབུམ་ནས་མཁན་པོ་དཀོན་མཆོག་སེང་གེ བླ་མ་ཡེ་ཤེས་མགོན། བླ་མ་དར་མ་བཟང་པོ། ཤྲཱི་རི་བ་གཞོན་ནུ་རྒྱལ་མཚན། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ །ཡང༌། ལུགས་གཅིག་ལ། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གསུམ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། སུམ་པ་ལོ་ཙཱ། འབུམ་ལྔ་ལོ་ཙཱ། རྐོང་རལ་གྲགས་སེང༌། ཞང་སྟོན་ཡབ་སྲས། མཁན་པོ་དཀོན་ཡེ། དཀོན་མཆོག་བླ་མ། བག་