R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༢༠
[A:༢༢༠]གདའ་ཁ་ཡེ་ཤེས་དང༌། འཕགས་པ་སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཞེས་བྱ་བ་བམ་པོ་བཞི་པ།
འདི་དཔྱད་གཞི་ཅན་དུ་འདུག་གསན་ཡིག་ན་འདུག་པས་ལུང་ནི་ཉན
༼ཉ༽པ་ལ། འཕགས་པ་རྒྱན་སྟུག་པོའི་བཀོད་པ་ཇི་སྙེད་པའི་མདོ་བམ་པོ་བཞི་ལེའུ་བརྒྱད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། ཀླུའི་རྒྱལ་མཚན་དང༌། ཡེ་ཤེས་སྡེའི་འགྱུར།
འདིར་ཚིག་ཁ་ཤས་མི་གསལ
བཀོད་པའི་རྒྱལ་པོ་ཞེས་བྱ་བ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། སུ་རེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། འཕགས་པ་བདེ་བ་ཅན་གྱི་བཀོད་པ་དང༌། འཕགས་པ་ཟ་མ་ཏོག་བཀོད་པ་བམ་པོ་བཞི། དཀོན་མཆོག་ཟ་མ་ཏོག་ཅེས་བྱ་བ་བམ་པོ་བཞི། རཏྣ་རཀྵི་ཏའི་འགྱུར། འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་བམ་པོ་བདུན་པ་དང༌། འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཡེ་ཤེས་སྡེའི་འགྱུར། ༼ཏ༽པ་ལ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཆེ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་པ། ལེའུ་ཉེར་དགུ། པཎྜི་ཏ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཆུང་བ། ལེའུ་ཉི་ཤུ་རྩ་གཅིག་པ། བམ་པོ་ལྔ་པ་དང༌། གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལེའུ་སུམ་ཅུ་སོ་གཅིག་པ་བམ་པོ་བཅུ། ལོ་ཙཱ་བ་མགོས་ཆོས་གྲུབ་ཀྱི་འགྱུར། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ཞེས་བྱ་བ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ཐ༽པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་བམ་པོ་བཅོ་ལྔ། ལེའུ་སུམ་ཅུ་སོ་བརྒྱད། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་དྷརྨྨ་ཤཱི་ལའི་