R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༢༡
[A:༢༢༡]འགྱུར། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་སྣང་བའི་མདོ་བམ་པོ་གསུམ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་བམ་པོ་གསུམ། ལེའུ་སོ་བརྒྱད། པཎྜི་ཏ་ཛེ་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལེའུ་དགུ་པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བམ་པོ་གཉིས། ཡེ་ཤེས་སྡེའི་འགྱུར། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བམ་པོ་ལྔ། ལེའུ་བཅུ་དགུ། པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། ལོ་ཙཱ་བ་རཏྣ་རཀྵི་ཏའི་འགྱུར། སྐད་གསར་བཅད་ཀྱིས་བཅོས་པ། ༼ད༽པ་ལ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། བམ་པོ་བདུན། ལེའུ་ཉེར་ལྔ། པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། ལོ་ཙཱ་བ་རཏྣ་རཀྵི་ཏའི་འགྱུར། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ། བམ་པོ་བཞི། ལེའུ་ལྔ་བཅུ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར།
བར་འདི་ནས་རྡོ་རྗེའི་ཏིང་ངེ་འཛིན་ཟེར་བའི་བརྫུན་མ་ཅིག་འདུག་པ་གསན་ཡིག་ན་མེད་པས་བཏོན
། འཕགས་པ་ཁྱིའུ་བཞིའི་ཏིང་ངེ་འཛིན། བམ་པོ་གསུམ། ལེའུ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཡེ་ཤེས་སྡེའི་འགྱུར། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་བམ་པོ། ལེའུ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག་གི་གཟུངས། བམ་པོ་བརྒྱད། ལེའུ་བཅུ་གཉིས། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རྡོ་རྗེ་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་མདོ། བམ་པོ། ལེའུ། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་བསྒྱུར། འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བའི་གཟུངས་དང༌། སྒོ་དྲུག་པ་ཞེས་བྱ་བའི་གཟུངས། རྣམ་པར་མི་རྟོག་པ་ལ་འཇུག་པར་ཞེས་བྱ་བའི་