R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༢༢
[A:༢༢༢]གཟུངས། བམ་པོ། ལེའུ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཀ་བ་དཔལ་རྩེགས་ཀྱི་འགྱུར། འཕགས་པ་ཚིགས་སུ་བཅད་པ་གཉིས་པའི་གཟུངས། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བ། བམ་པོ་གཉིས། ལེའུ་གསུམ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ན༽པ་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། བམ་པོ་བདུན་པ། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བརྒྱད། པཎྜི་ཏ་བི་ཛ་ཡ་ཤཱི་ལ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ། བམ་པོ་གསུམ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པས་ཞུས་པའི་མདོ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ། པཎྜི་ཏ་དི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། སྤོབས་པའི་བློ་གྲོས་ཀྱི་ཞུས་པའི་མདོ། བམ་པོ་བཞི། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་བུ་མོ་རིན་ཆེན་གྱི་ཞུས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼པ༽བ་ལ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བཅུ། ལེའུ་བཅུ་གཉིས། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ། བམ་པོ་བདུན། ལེའུ་དགུ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ༌། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མིའམ་ཅིའི་རྒྱལ་པོ་ལྗོན་པས་