R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༤༢
[A:༢༤༢]ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པབླ་མ་རིན་ཆེན་གྲགསརྗེ་བཙུན་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།འདི་ལའང་པཎ་ཆེན་ཡན་ཆད་ལ་བརྒྱུད་པའི་ངེས་པ་མི་འདུག་ཅིང༌། པཎ་ཆེན་ལ་ཡང་དཔྱལ་ཆོས་བཟང་གི་ཁྲོ་ཕུར་གསན་པའི་དུས་ལྷོ་པས་ཀྱང་གསན་པ་ཡིན་ནམ་ཟེར་བ་ལས། གསན་པའི་ངེས་པ་ཏིག་པ་མི་འདུག་ནས། ཡང་མདོ་མངས་ཀྱི་བརྒྱུད་པ་སྤྱི་དང༌། སོ་སོ་ནས་བརྒྱུད་པ་དག་པར་བཙལ་ནས་གསན་པའི་བརྒྱུད་པ་ནི། བླ་མ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་འཕགས་པའི་གསུང་གིས་སྤྱིལ་ཕུ་བ་སྟག་སྟོན་ཤེས་རབ་འོད་ཟེར་ལ་མདོ་མངས་ཀྱི་ལུང་དག་པ་ཅིག་ཚོལ་གསུང་ནས་བཙལ་བས། ཤངས་པ་གྲགས་སེང་ལ་མངའ་བདག་ཉང་རལ་ནས་བརྒྱུད་པའི་ལུང་དག་པོ་ཡོད་ཟེར་ནས་གསན་ནོ། །དེ་ནས་བརྒྱུད་པ། ས་སྐྱ་ཡང་དགོན་པ་བློ་ཆེན་ལ་ཡོད་ཟེར་བ་སློབ་དཔོན་གཞོན་ཚུལ་པས་གསན་ནས། གཞོན་ཚུལ་གྱིས་བློ་ཆེན་ལ་ལོ་གསུམ་དུ་རྫོགས་པར་གསན་པའི་གྲངས་ནི། སྔར་གྱི་མདོ་ཉི་བརྒྱ་ཉེར་ལྔ་པོ་རྣམས་དང༌། དེའི་སྟེང་དུ། གསེར་འོད་དམ་པ་ཀླག་པ་ཚེའི་མདོ། བྱམས་པས་དམ་བཅས་པ། རྡོ་འཕང་བ་བམ་པོ་གཉིས། ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ མཽའུ་འགལ་གྱི་མདོ་བམ་པོ་གཅིག མཛོད་དང་འཇིག་རྟེན་བརྗོད་པའི་མདོ་བམ་པོ་གཅིག བར་མཚམས་མ་ལུས་པར་འགྲེལ་བ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཆོས་ཀྱི་རྒྱལ་མོ།
འདི་ལ་བམ་པོ་གཉིས་ཝ་པའི་ཞབས་ན་འདུག་ཐེ་ཚོམ་ཅན་དུ་འདུག་གོ
། དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ། འཇིག་རྟེན་གཞག་པ་བམ་པོ་བརྒྱད། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད། ཕྱག་འཚལ་བའི་བསྟོད་པ། ནོར་བུ་རིན་པོ་ཆེ་ཐབས་ལ་མཁས་པ། ཚངས་པའི་དྲྭ་བ། བྱམས་པས་ཞུས་པ། རྣམ་པར་མི་རྟོག་པ་ལ་