R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༤༣
[A:༢༤༣]འཇུག་པའི་གཟུངས། བྱང་ཆུབ་ཀྱི་ཕྱོགས་བསྟན་པ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ། རྒྱལ་བའི་བློ་གྲོས་ཀྱི་ཞུས་པ། གནས་གསུམ་དུ་སྐྱེ་བ་བླངས་པའི་མདོ། སངས་རྒྱས་རྗེས་སུ་དྲན་པའི་མདོ། ལི་ཡུལ་ལུང་བསྟན་པ། ཐེག་པ་ཆེན་པོ་ཆོས་ཀྱི་མཛོད། རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་རྣམ་པར་དབྱེ་བ་བསྟན་པ། སངས་རྒྱས་དབང་བསྐུར་བའི་བསྟོད་པ་རིན་ཆེན་བཟང་པོ། ལས་གདགས་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ། བྱམས་པ་དགའ་ལྡན་དུ་སྐྱེ་བ་བླངས་པའི་མདོ། ལྗོན་ཤིང་གི་མདོ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། མཚན་མོ་བཟང་པོ་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ། འཕགས་པ་ཐབས་ལ་མཁས་པའི་མདོ། ནོར་བུ་རིན་པོ་ཆེ་ཐབས་ལ་མཁས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ། སངས་རྒྱས་ཀྱི་མཛོད་ཆོས་ཀྱི་ཡི་གེ་
འདི་ཇ་པ་ལ་འདུག་པ་དཔྱད་གཞི་ཅན་ནོ
།། ཤེས་པ་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས། ཏིང་ངེ་འཛིན་མཆོག་དམ་པ། ཐེག་པ་ཆེན་པོ་གཅིག་ཏུ་བསྟན་པ། དོན་དམ་པར་གྲུབ་པའི་ལེའུ། ཆོས་བསྟན་པའི་མདོ། ཡོན་ཏན་མདོ་སྡེ་རྣམ་པར་གདོན་མི་ཟ་བའི་མདོ། ལས་བདེན་དོན་ཐོབ་པ་ཡོངས་སུ་བསྟན་པ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱ་མཚོ། མཽའུ་འགལ་གྱི་བུས་མ་དམྱལ་བ་ནས་དྲངས་པའི་མདོ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བསྐྱེད་པའི་མདོ། སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ་སྟེ། མདོ་ཞེ་དྲུག་པོ་དང་བཅས་ཏེ་ཉིས་བརྒྱ་དོན་གཅིག་རྣམས་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་བསྐྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨྨ་ཨ་ཀཱ་ར་ཤཱནྟི་བ། དེ་ལ་པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ཇོ་བོ་པུཎྱ་ཤྲཱི་གཉིས་ཀྱི་མདོ་མངས་རྣམས་གསན་ནས། དེ་གཉིས་ལས་བརྒྱུད་པ་གྱེས་