R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༥༥
[A:༢༥༥]མྱང་འདས་ཆེན་མོ་རྒྱ་ནག་འགྱུར་བམ་པོ་ཞེ་བརྒྱད་དམ་ང་གཉིས་མ་དང༌། གཙུག་ཏོར་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་
འདི་དཔྱད་དགོས
། ལེའུ་དང་པོ་དང༌། ལེའུ་གཉིས་པ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོའི་མདོ་ལས་བམ་པོ་གཉིས་
འདི་ཡང་དེ་ལྟར་རོ
།། ཡོད་པ་དང༌། གསེར་འོད་དམ་ཆེན་བམ་པོ་བཅུ་པ་དང༌། ཐབས་ལ་མཁས་པ་སངས་རྒྱས་ཀྱི་དྲིན་ལན་བསབ་པ་དང༌། ཚེ་དཔག་མེད་རྒྱས་པ། རི་བོ་ཆེན་པོའི་མདོ། འོད་ཟེར་ཅན་གྱི་མདོ་རྣམས་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། པཎྜི་ཏ་བྱང་ཆུབ་བཟང་པོ། འཇམ་དབྱངས་སྤྲུལ་པ་ཞུ་ཐུན། གྱིམ་བཙུན་ཇ། ཏེན་ཞི་དུ་གོ་ཞི། ཚིང་ལང་གོ་ཞི། གྱིའི་ཧཱུྃ། ཧཱའི་ཧྲི་ཐའི། གྱི་ཇུ། སེང་ཆེན་གྱིན། སིང་ག་སང༌། གྱིང་ཇུ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། ར་ས་པ་སྟོན་ཤཱཀ བག་སྟོན་གཞོན་ཚུལ། མགོན་པོ་འབུམ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར། ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། རྗེ་བཙུན་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཡང༌། མྱང་འདས་བརྒྱུད་པ་གཅིག་ནི། མགོན་པོ་འབུམ་ཡན་འདྲ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར། ཆོས་དཔལ་ཤེས་རབ། མཐའ་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཡང༌། མཁན་ཆེན་ཤེས་རྡོར། འབྲི་ཁུང་ལོ་ཙཱ། ཁམས་པ་བྱང་རྒྱལ། བླ་མ་བསོད་ཤེས། བླ་མ་གཞོན་ནུ་དར། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལ་གནང་བའོ། ༈ །དེ་ཡང་སྤྱིར་མདོ་སྡེ་རིན་པོ་ཆེའི་བཀའ་ལུང་འདི་ལ། རྒྱ་གར་དུ་པཎྜི་ཏ་པུཎྱ་ཤྲཱི་