R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༦༡
[A:༢༦༡]པ། ཆུང་བ། པཎྜི་ཏ་པུཎྱ་ཤྲཱི། སྟེངས་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། རྐོང་ནག་རལ་གྲི། བླ་མ་གྲགས་སེང༌། བླ་མ་ཤངས་ཚུལ། སློབ་དཔོན་ཡོན་ཏན་དཔལ། བླ་མ་ཀུན་དགའ་དོན་གྲུབ། རིན་པོ་ཆེ་རང་འབྱུང་རྡོ་རྗེ། སློབ་དཔོན་རྒྱལ་བ་དཔལ། སློབ་དཔོན་བརྩོན་འགྲུས་སེང་གེ བླ་མ་བློ་གྲོས་སེང་གེ འཇམ་པའི་ཆོས་ཀྱི་རྡོ་རྗེ། རིན་པོ་ཆེ་གྲགས་དོན་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་ལའོ།། ༈ །།ཡང་ན། རྫོགས་པའི་སངས་རྒྱས། མཉྫུ་ཤྲཱི། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀཱ་ར་ཤཱནྟི་པ། སེའུ་རི་པ། རྡོ་རྗེ་གདན་པ་ཆུང་བའི་རྗེས་ལ་བ་རི་ལོ་ཙཱ་བ། ལྷོ་ཁྱུང་སྟོན་གྲགས། སྤྲུ་སྟོན་བསོད་དབང༌། དེ་ནས་རྐོང་ནག་རལ་གྲི་མན་སྔར་བཞིན་ནོ། །ཤུ་བྷཾ།། ༈ །།ཕ་རོལ།
ཤེར་ཕྱོགས
། ཕྱིན་མ་མཆོག་ཆེན་མོ། །སྲས་བཞི་འཕགས་པའི་ཡུམ་གཅིག་པུ། །ཕུལ་བྱུང་སྦྱོར་བ་ལས་བྱུང་མ། །ཕྱག་འཚལ་བདེ་མ་དགེ་མ་ལའོ། །ཡང༌། བླ་མ་དམ་པ་ཆོས་ཀྱི་འབྱུང་གནས་ཆེན་པོ་དེ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་གསུང་རབ་ཐོབ་པའི་རིམ་བརྒྱུད་ནི། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལེའུ་བདུན་ཅུ་རྩ་གཉིས། བམ་པོ་སུམ་བརྒྱ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་བརྟན། རིག་པའི་ཁུ་བྱུག མཆེ་བའི་སྡེ། བཟང་པོའི་ཞབས། མར་མེ་མཛད་བཟང་པོ། ག་ག་དྷ་ར། ཀ་ན་ཀ་ཤྲཱི། པུཎྱ་ཤྲཱི་མི་ཏྲ། ཁ་ཆེ་སྤྱན་གཅིག་པ། དྷརྨ་ཤྲཱི། བ་རེག་ལོ་ཙཱ། ལོ་ཙཱ་བ་རྒྱལ་མཚན། བ་རེག་པ་ཡོན་ཏན་སྐྱབས། དགེ་བསྙེན་དགའ་བ་ར་ཛ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འོད་ཟེར་ཤེས་