R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༦༦
[A:༢༦༦]བཞུགས།། ༼ཉ༽པ་ལ། བམ་པོ་ཞེ་ལྔ་པ་ནས་རེ་དྲུག་པ་ཡན་བཞུགས།། ༼ཏ༽པ་ལ། བམ་པོ་རེ་བདུན་པ་ནས་གྱ་གསུམ་པའི་བར་བཞུགས། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང༌། དགེ་སློང་མའི་རྣམ་འབྱེད་བམ་པོ་ཉི་ཤུ་རྩ་བརྒྱད་བཞུགས་པའི་བམ་པོ་སོ་དྲུག་པ་ཡན་བཞུགས།། ༼ཐ༽པ་ལ། བམ་པོ་བདུན་པ་ནས་ཉེར་བརྒྱད་པའི་བར་བཞུགས་པ་ཁ་ཆེའི་མཁན་པོ་སརྦྦ་ཛྙཱ་དེ་བ་དང༌། དྷརྨ་ཀ་ར་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང༌། སླད་ཀྱིས་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལུང་སྡེ་བཞིའི་གསུམ་པ། གཞུང་བླ་མའམ་དམ་པ་ཞུ་བ་རྫོགས་པ་བམ་པོ་ལྔ་བཅུ་རྩ་གསུམ་ཚང་བ་དང༌། ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་བཞུགས་པའོ།། ༼ད༽པ་ལ། ཞུ་བ་རྫོགས་པའི་བམ་པོ་ཉེར་གཅིག་པ་ཡན་བཞུགས།། ༼ན༽པ་ལ། བམ་པོ་ཉེར་གཉིས་སད་ནས། བམ་པོ་ཞེ་གཉིས་པ་ཡན་བཞུགས།། ༼པ༽པ་ལ། བམ་པོ་ཞེ་གསུམ་པ་མན་ཚང་མ་དང༌། ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས། པུསྟི་འདི་ལ་འགྱུར་བྱང་མི་འདུག གསན་ཡིག་ན་ཀླུའི་རྒྱལ་མཚན་འགྱུར། ལུང་སྡེ་བཞིའི་བཞི་པ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ་བམ་པོ་ལྔ་བཅུ་རྩ་དགུ་
ཆོས་འབྱུང་དང་མཐུན
། བཞུགས་པའོ།། ༼ཕ༽པ་ལ། བམ་པོ་ཉི་ཤུ་པ་ཡན་བཞུགས།། ༼བ༽པ་ལ། བམ་པོ་ཉེར་གཅིག་པ་ནས་སོ་དགུ་པ་ཡན་བཞུགས། དེ་ནས་པུསྟི་མཐའ་མ། ༼མ༽པ་ལ། བམ་པོ་བཞི་བཅུ་པ་ནས། དྲུག་བཅུ་ཡན་བཞུགས་པ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། དྷརྨྨ་ཤྲཱི་པྲ་བྷ་དང༌། ལོ་ཙཱ་བ་བནྡྷེ་