R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༦༩
[A:༢༦༩]སྙེད་གླེགས་བམ་ལུང་ལ་མངའ་མཛད་པས། །བདག་ཅག་ཐོས་མང་མཛད་པ་ཁྱོད་ཕྱག་འཚལ། །གང་བཀའ་ལུང་དྲི་མ་མེད་པ་མང་དུ་གསན་པའི་ཆོས་ཀྱིས་ཕྱུག་པས། བསྟན་པའི་སྲོག་ཤིང་ཆེན་པོར་གྱུར་པ་ཆོས་ཀྱི་རྗེ་ཤཱཀྱ་རྒྱལ་མཚན་གྱིས་ཞབས་ལས། བོད་དུ་འགྱུར་བའི་བསྟན་བཅོས་མཐའ་དག་གི་ནང་ནས། ལུང་ནོད་པའི་རིམ་པ་རྣམས་བྲི་བར་བྱ་བ་ནི། རྒྱུད་སྡེ་ཐམས་ཅད་ཀྱི་གོང་མ། གཉིས་སུ་མེད་པའི་རྒྱུད་ཀྱི་གཙོ་བོ་ཡིན་པ་ལ་སོགས་པ་ཚུལ་གསུམ་དང་ལྡན་པའི་གཏན་ཚིགས་དུ་མའི་སྒོ་ནས་འཐད་པ་དང་བཅས་པར་གྲུབ་པའི་ཕྱིར། དཔལ་ཀྱཻ་རྡོ་རྗེའི་སྐོར་རྣམས་ཐོག་མར་འགོད་པར་རིགས་མོད། འོན་ཀྱང་རེ་ཤིག་སྔ་རབས་པ་འགའ་ཡིས་ཁྲིགས་སུ་སྡེབས་པའི་ཀ་ཐོའི་ལུགས་བཞིན་གསན་པ་ནི།། ༼ཀ༽པ་ལ། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་ལས། ལེའུ་དང་པོ་འཇིག་རྟེན་ཁམས་ལེའུ་མདོར་བསྡུས་བཅུའི་བདག་ཉིད། ལེའུ་གཉིས་པ་ནང་གི་ལེའུ་མདོར་བསྡུས་བདུན་གྱི་བདག་ཉིད་གཉིས་སོ།། ༼ཁ༽པ་ལ། ལེའུ་གསུམ་པ་དབང་གི་ལེའུ་མདོར་བསྡུས་དྲུག་གི་བདག་ཉིད། ལེའུ་བཞི་བཅུ་པ་སྒྲུབ་ཐབས་ཀྱི་ལེའུ་མདོར་བསྡུས་ལྔའི་བདག་ཉིད་དང༌། ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུ་མདོར་བསྡུས་བཞིའི་བདག་ཉིད་རྣམས་པད་མ་དཀར་པོས་མཛད་པ། ཁ་ཆེ་པཎྜི་ཏ་ཆེན་པོ་སོ་མ་ནཱ་ཐ་དང༌། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། དུས་ཕྱིས་ཤོངས་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་བཅོས་ཤིང་གཏན་ལ་ཕབ་པ། ལེགས་པར་ཐོབ་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས། དུས་ཀྱི་འཁོར་ལོ།
དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆོས་དབྱིངས་ངག་དབང༌
། ཤཱཀྱ་ཐུབ་པ།
འབྲས་དཔུང༌
། ཟླ་བ་བཟང་པོ།
ཤམྦྷ་ལར
། ལྷ་དབང༌། གཟི་