R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༨༤
[A:༢༨༤]པ། དེས་བདག་ལའོ།། ༈ །ཀྱེའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ། སློབ་དཔོན་རཏྣ་ཨ་ཀཱ་ར་ཤཱནྟིས་མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་མགོས་ལྷས་བཙས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་ཌཱ་ཀི་མ། ཀླུ་སྒྲུབ། ཨརྻ་དེ་བ། ཛ་ལནྡྷ་ར་པ། སེའུ་རི་པ། འགྲེལ་མཛད་ཤནྟི་པ། འབྲོག་མི་ལོ་ཙཱ་བ། ཏིང་འཛིན་དཔལ། རྒྱ་གླིང་པ། ལྕེ་ཨེན་ཚང༌། སྟོན་ཁུང་པ། ལྷོ་པ་ཐམས་ཅད་མཁྱེན་པ། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བག་སྟོན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཛ༽པ་ལ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། མན་ངག་སྙེ་མ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཤླཽ་ཀ་སྟོང་ཕྲག་བརྒྱད་པ། པཎྜི་ཏ་དེ་ཉིད་དང༌། རྩ་མི་སངས་རྒྱས་གྲགས་ཀྱི་འགྱུར་ལ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་དང༌། དཔྱལ་ཆོས་ཀྱི་བཟང་པོས་བཅོས་པ། ཕྱིས་པང་བློ་བརྟན་གྱིས་ལེགས་པར་བཅོས་པ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་མ་ཤེས་རབ་གསལ་བྱེད། འགྲེལ་མཛད་ཨ་བྷྱ་ཀ་ར་གུཔྟ། ནིསྐ་ལངྐ་དེ་བ། རེ་ཝེནྡྲ། ཆག་ལོ། ༈ །ཡང་ན། ཨ་བྷ་ཡ་དང༌། ཤུ་བྷ་ཀ་ར་གུཔྟ། རཏྣ་རཀྵི་ཏ། ཆག་ལོ། དེའི་གདན་ས་བ་གཞོན་ནུ་རྒྱལ་མཚན། ལོ་ཙཱ་བ་