R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༣༢
[A:༣༢]སྒྲིགས་པ། ནག་པོ་ཆེན་པོའི་མདོས་བླ་མ་ཤེས་རབ་འབྱུང་གནས་ཀྱིས་མཛད་པ། ཡང༌། ཐུགས་དམ་མདོས་ཀྱིས་བསྐང་བ། བླ་མ་སྤྱན་ཆེན་པོས་མཛད་པ་རྣམས་སོ། །ཆོས་སྐྱོང་གོང་འོག་གི་བསྟོད་འབུམ་ངག་དབང་གྲགས་པས་སྒྲིགས་པ། བླ་མ་དེ་ཉིད། དཔལ་ལྡན་ལེགས་དབང༌། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ནག་པོ་ལྷ་གསུམ་དང༌། ལྷ་བརྒྱད་ལ་རྟེན་པའི་བསྒྲུབ་སྐོར་པུ་ཏྲ་ལྕམ་དྲལ་གྱི་དགོས་སྒྲུབ་དང་བཅས་པར་གདའོ། །ཡང་ནག་པོ་ལྷ་གསུམ་མའི་བསྙེན་བསྒྲུབ་ལས་སྦྱོར་འགྲོ་མགོན་འཕགས་པས་མཛད་པའང་ཞུས་སོ། །ཡང༌། ནག་པོ་ཆེན་པོ་ཞལ་བཞི་པའི་
རྩེགས་ཞལ་ལོ
། རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གཉན་ལོ་ཙཱ་བ། ཁའུ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ། བླ་ཆེན་རོང་པ། བླ་མ་ཤེས་རབ་སེང་གེ བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག བླ་མ་དཔལ་ལྡན་ལེགས་དབང༌། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གཉན་གྱི་མགོན་པོ་གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཁ་ལྕམ་དྲལ་ལྔའི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་ཡན་སྔར་དང་འདྲ་བ་ལ། ཚོགས་སྒོམ་པ། ཉན་ཆེན་པ། ནམ་བཟའ་པ་བསོད་ནམས་དཔལ། ཆོས་རྗེ་བླ་མ་དམ་པ། བཞི་ཐོག་པ་ཀུན་རིན། གཅུང་གྲགས་པ་བློ་གྲོས། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ་དེས་བདག་ལའོ། །ཡང༌། ཞལ་བཞི་གཙོ་འཁོར་དྲུག་པ་དང༌། གདོང་གཉན་བཞི་པ་དང༌། དཀར་པོ་ཚེ་སྒྲུབ། སེར་པོ་བསོད་ནམས་བསྒྲུབ་པ། དམར་པོ་དབང་བསྡུད། སྔོན་པོ་བགེགས་འཇོམས་ཏེ་དྲུག་གི་རྗེས་གནང་སོ་སོར་ཡོད་པ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཡན་སྔར་ལྟ་བུ་ལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་དྷརྨྨ་