R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༠༣
[A:༤༠༣]པ། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་པ་རྣམས་སོ། །དེ་ལྟར་ཉི་ཤུ་ལས། བྱམས་ཆོས་ལྔ། ཉི་ཤུ་པ། ཕུང་པོ་ལྔའི་རབ་བྱེད། དབུས་མཐའ་དང༌། མདོ་རྒྱན་གྱི་འགྲེལ་བ། སྡོམ་གཉིས་རྣམས་གཞན་དུ་ཐོབ་ཟིན་ཞིང༌། རྣམ་བཤད་རིགས་པ་དཔེ་མ་རྙེད་པར་མ་གསན་པར་འདུག་
ཀྱང་ཕྱིས་གཞན་དུ་ཐོབ
། དེ་ལྷག་རྣམས་དང༌། མཛོད་ཀྱི་རང་འགྲེལ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་མགོན། ཐོགས་མེད། དབྱིག་གཉེན། གང་བ་སྤེལ། དཱ་ན་ཤཱི་ལ།
བསྡུ་ན་དཱ་ཛི་གཉིས་དང༌། ཀ་ཆོག་ཞང་གསུམ་གསུམ་གང་རུང་ཞེས་ཆོག་པར་མངོན་ཞེས་གསུང༌
། ཛཱི་ན་མི་ཏྲ། ཀ་བ་དཔལ་རྩེགས་རཀྵི་ཏ། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ། སྣ་ནམ་ཟླ་བའི་རྡོ་རྗེ། ལྷ་ལུང་དཔལ་གྱི་རྡོ་རྗེ། སྦས་རྒྱལ་བ་ཡེ་ཤེས། ལྕོག་གྲུ་མཆོག་གི་ཡེ་ཤེས། སོ་བཙུན་དབང་ཕྱུག་གཞོན་ནུ། གར་མི་ཡེ་ཤེས་གཡུང་དྲུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། ར་ཁྲི་བཟང་འབར། རྒྱ་ཚུལ་ལེ། མི་ཆོས་གྲགས། བྲང་ཏི་དྷརྨྨ་སྙིང་པོ། ཀཻ་ཡེ་ཤེས་འབྱུང༌། འབན་དཀོན་མཆོག་རྡོ་རྗེ། ཐོ་ཀུན་དགའ་རྡོ་རྗེ། འཇད་པ་སྟོན་སྐྱབས། འཇད་པ་གཞོན་བྱང༌། ཞང་འབྲིང་མཚམས་པ། བོ་དོང་རིན་ཆེན་རྩེ་མོ། ཉག་སྡེ་བ་སེང་གེ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ། དེ་ལ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་དང་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། དེ་གཉིས་ཀ་ལ། ལོ་ཆེན་སྐྱབས་མཆོག་པ། དེ་ནས། སེང་གེ་རྒྱལ་མཚན་པ
འདི་བར་འདིར་དགོས་མི་དགོས་བརྟགས
ནམ་འོད་པཆོས་རྗེ་ལོ་ཙཱ་བ། དེ་ལ་བདག་ཐུ་བཙུན་གྱིས་ཐོབ་པའོ། །ཡང་ན། བྲང་ཏི་ནས། རོག་ཆོས་ཀྱི་བརྩོན་འགྲུས། ཡར་ནག་པ། ཐེར་མགོ་བ། བཟད་རིངས། ཤེས་རབ་འོད་ཟེར། གྲུབ་པ་སེང་གེ ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་རིན་པོ་ཆེ། རིན་པོ་ཆེ་སངས་རྒྱས་མགོན། སྐྱབས་མཆོག་པ་མན་སྔར་