R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༠༧
[A:༤༠༧]རྗེ་ཤེས་རིན་པ། དེས་བདག་ལ་གནང་བའི་དུས་ནི། རིགས་ལྡན་སེང་གེས་ཆོས་བསྟན་ནས་ལོ་ང་གཉིས་པ་རྣམ་རྒྱལ་ཞེས་པའི་ལོའི་ས་ག་ཟླ་བའི་དཀར་ཚེས་རྒྱལ་བ་དང་པོ། ཕུར་བུ། བིརྫི། ཤིན་སྐྲང༌། ཀོ་ལ་ཝ་རྣམས་འཛོམ་པའི་ཉིན་མོའི་སྔ་ཆ། ཀརྐ་ཊ་ལ་བབ་པ་ན་དབང་བདུན་དང༌། དེ་ནས་བཟུང་སྟེ། གོང་མ་རྣམས་རིམ་གྱིས་རྫོགས་པའོ། ། རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བ། རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་དབང༌། འཕགས་པ་རིན་པོ་ཆེས་མཛད་པའི་བསྒྲུབ་ཐབས་ལ་བརྟེན་ནས་ཐོབ་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བི་རུ་པ། ཌོཾ་བི་ཧེ་རུ་ཀ འཇམ་དཔལ་གྲགས་པ། ཛ་ལནྡྷ་ར་པ། སེའུ་རི་པ། འཇིགས་བྱེད་འབྱུང་གནས། དགེ་བའི་འབྱུང་གནས། དཔེ་མེད་མཚོ། ཨ་བ་དྷུ་ཏི་པ།
གཅིག་གམ་གཉིས་བརྟག
དརྤན་ཨཱ་ཙརྻ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ། སྐྱབས་མཆོག་པ། ནམ་འོད་པ། ཆོས་རྗེ་ཤེས་རིན་པ། དེས་བདག་ལའོ།། ༈ །།བྱ་རྒྱུད། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ། མཉམ་མེད་ཤཱཀྱའི་རྒྱལ་པོའི་དཀྱིལ་འཁོར་དམ་ཚིག་གསུམ་བཀོད་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ་ཆེ་ཆུང༌། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། མཁན་པོ་དབང་རིན། ཁམས་པ་ཤཱཀ་རྡོར། དབུས་པ་སངས་འབུམ། ལོ་མཆོག་འོང་ཆུང་བ། གཞོན་ནུ་འོད། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཆེན་བྱང་རྩེ། ལོ་ཙཱ་བ་གྲགས་རྒྱལ། བོ་དོང་ཆོས་རྒྱལ། ཆོས་རྗེ་ཤེས་རིན་པ། དེས་བདག་ལའོ།།
༈ །།གཟའ་ཡུམ་གྱི་དབང་བརྒྱུད་ནི། བི་རཱུ་པ། ཞི་བ་འཚོ། པད་མ་འབྱུང་གནས། འཁོན་ཀླུའི་དབང་པོ་བསྲུང